འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རི་དྭགས་རྐྱང་སྡུག་གསོད་གཏོང་བའི་ཉེས་གསོག་དོགས་ཅན་གཉིས་པོ་ཁྲིམས་ལ་སྦྱར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་29ཉིན། 08:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༩ཉིན་རུས་ཁྲེན་དང་རུས་ལི་ཅན་གྱི་མི་གཉིས་ཀྱིས་བོད་ལྗོངས་རྩ་མདའ་རྫོང་ཆུ་གསུམ་ཤང་དུ་ཁྲིམས་འགལ་ངང་རི་དྭགས་རྐྱང་སྡུག་གསོད་བཏང་བའི་རྐྱེན་གྱིས། བོད་རང་སྐྱོང་ལྗོངས་རྩྭ་མདའ་རྫོང་ཞིབ་དཔྱོད་ཁང་གིས་ཉིན་འགའི་སྔོན་ཁོ་གཉིས་ཁྲིམས་ལ་སྦྱར་ཡོད་པ་རེད།
         འདི་ལོའི་ཟླ་༨ཚེས་༩ཉིན་འཕྲིན་ཆུང་དང་དཔོད་ཆུང་ཐོག“སྐྱེས་པ་ཞིག་གིས་རི་དྭགས་རྐྱང་སྡུག་གསོད་གཏོང་བའི”པར་རིས་བརྒྱུད་གཏོང་བྱས་ཡོད་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་བཤེར་བྱས་པ་བརྒྱུད་ཟླ་༨ཚེས་༩ཉིན་གྱི་ཕྱི་དྲོ་ཉེས་གསོག་དོགས་ཅན་ཁྲེན་ལགས་དང་ལི་ལགས་གཉིས་པོ་རྩྭ་མདའ་རྫོང་ཆུ་གསུམ་ཤང་ནས་རྫོང་གྲོང་དུ་སྐྱོད་པའི་ལམ་བར་དུ་རླངས་འཁོར་བཏང་ནས་རི་དྭགས་རྐྱང་མང་པོར་བརྡུང་སྟེ་རྨས་སྐྱོན་བཏང་རྗེས་གྲི་བཙུགས་ནས་བསད་པ་མ་ཟད་རླངས་འཁོར་ནང་བླུགས་ཏེ་རྫོང་གྲོང་གི་ལས་ཡུལ་དུ་དབོར་རྗེས་རང་ཉིད་ཀྱི་ལས་བཟོ་ཚོར་བགོས་པ་རེད།
         ཟླ་༩ཚེས་༨ཉིན་མངའ་རིས་ས་ཁུལ་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཉེས་གསོག་དོགས་ཅན་དེ་གཉིས་འཛིན་བཟུང་བྱས་པས་ཉེས་གསོག་དོགས་ཅན་དེ་གཉིས་ཀྱིས་ཁྲིམས་འགལ་ངང་རི་དྭགས་རྐྱང་སྡུག་གསོད་བཏང་བའི་གནས་ཚུལ་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།
         རི་དྭགས་རྐྱང་ནི་རྒྱ་མཚོའི་ངོས་ལས་ས་བབ་སྨི་༣༦༠༠ནས་༥༤༠༠བར་གྱི་ས་མཐོའི་ཐོག་འཚོ་སྡོད་བྱེད་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་རེད། ༼ཉེས་ཁྲིམས༽ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཉེས་པ་བསགས་པ་གཏན་འཁེལ་བྱས་ཚེ་ཉེས་གསོག་དོགས་ཅན་དེ་གཉིས་ལོ་ལྔ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་བྱ་རྒྱུ་མ་ཟད་དངུལ་ཆད་ཀྱང་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།