འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་དར་གོས་ལམ་བུའི་གློག་བརྙན་དུས་ཆེན་ཤི་ཨན་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        སྤྱི་ཟླ་༡༠པའི་ཚེས་༢༠ཉིན་ནས་༢༥ཉིན་བར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་དང་། ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་། ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་གཉེར་བྱས་པའི་སྐབས་དང་པོའི་དར་གོས་ལམ་བུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཤི་ཨན་དུ་གཉེར་ཡོད་པ་རེད།
         གློག་བརྙན་དུས་ཆེན་གྱིས་དར་གོས་ལམ་བུའི་རྒྱལ་ཁབ་༢༥དང་། སྐད་རིགས་༡༨ཀྱི་ཐོག་ནས་གཏམ་རྒྱུད་པར་གཞི་དང་དངོས་པར་གློག་བརྙན་༡༤༧སྟོན་ཡོད་པ་དང་། དུས་མཚུངས་སུ་ད་དུང་གློག་བརྙན་ཐུང་གྲས་བརྒྱ་ལྷག་ཙམ་འགྲེམ་སྟོན་བྱས་ཡོད། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཉི་ཤུ་ལྷག་ཙམ་གྱི་གཞུང་ཚབ་ཆེན་མོ་བ་དང་དེ་བཞིན་གློག་བརྙན་འཁྲབ་གཞུང་ཚོགས་པའི་འཐུས་མི་དང་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་ལས་རིགས་ཀྱི་མི་སྣ་བརྒྱ་ལྷག་ཙམ་གྱི་བདེན་དཔང་འོག དར་གོས་ལམ་བུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་རྒྱལ་སྤྱིའི་མཉམ་ལས་ཐུན་མོང་བསྒྲགས་གཏམ་ཁྱབ་བསྒྲགས་བྱས་ཡོད། དར་གོས་ལམ་བུའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཞེས་པ་ནི་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་གི་དར་གོས་ལམ་བུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བསམ་བཀོད་ལག་བསྟར་དོན་འཁྱོལ་དང་། ཀྲུང་གོ་དང་དར་གོས་ལམ་བུའི་འགྲམ་རྒྱུད་རྒྱལ་ཁབ་ཀྱི་གློག་བརྙན་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བའི་རིག་གནས་བྱེད་སྒོ་ཆེ་གྲས་ཤིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།