འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བའི་བོད་ཀྱི་ལ་གཞས་འགྲན་བསྡུར་མཚོ་ལྷོ་ཁུལ་
    ཆབ་ཆ་རྫོང་དུ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 08:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བའི་བོད་ཀྱི་ལ་གཞས་འགྲན་བསྡུར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་རྫོང་བདེ་སྐྱིད་ཐང་དུ་མཇུག་འགྲིལ་བ་རེད། འགྲན་བསྡུར་ནང་ཁྱོན་བསྡོམས་མི་༤༧ཞུགས་ཡོད་པ་དང་། མཐར་མཚོ་བྱང་ཁུལ་རྐང་ཚ་རྫོང་གི་བོད་རིགས་གླུ་བ་རྡོ་རབ་ལ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། 
         ལ་གཞས་འགྲན་བསྡུར་དེ་སྤེལ་བའི་དམིགས་ཡུལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐུན་མིན་ངོ་མཚར་མུ་མཐུད་སྲུང་སྐྱོབ་དང་མི་རིགས་ཀྱི་དམངས་ཁྲོད་ཀྱི་རོལ་དབྱངས་སྒྱུ་རྩལ་གྱི་ཉམས་འགྱུར་དར་སྤེལ། མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་དམངས་ཁྲོད་ཀྱི་གླུ་བ་རྣམས་ལ་གླུ་ལེན་གྱི་གར་སྟེགས་ཤིག་བསྐྲུན་ཆེད་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།