འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

    ༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་ཚབ་
    དང་གྲོས་མོལ་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་28ཉིན། 09:10】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་ཚབ་
དང་གྲོས་མོལ་གནང་བ།
        མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༢༧ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་ཚབ་བམ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི་ལི་ཧོང་དབྱིན་དང་གྲོས་མོལ་གནང་། ཞིས་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་ཝེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྤྱིར་ན་ལེགས་མོད། འོན་ཀྱང་ཉེ་ཆར་གནད་དོན་འགའ་བྱུང་ཡོད་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་སྐུ་ཉིད་ཀྲུང་གོར་ཆེད་མངགས་གནང་བ་འདིས་ཝེ་ཐེ་ནམ་གྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་འདོད་པའི་རེ་བ་མཚོན་ཡོད། བདག་གིས་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ཀྲུའུ་ཞི་ཀྲང་ཅིན་ཁྲུང་རྣམ་གཉིས་ཀྱི་གསུང་འཕྲིན་ལ་གཙིགས་མཐོང་གནང་བཞིན་ཡོད་པས། ཝེ་ཐེ་ནམ་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་ཝེའི་འབྲེལ་བ་ཡང་བསྐྱར་རྒྱུན་ལྡན་གྱི་འཁོར་ལམ་ཐོག་བསླེབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།