འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

    ༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ་110འཁོར་བར་
    དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་22ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ་110འཁོར་བར་
དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་བློ་མཐུན་ཏེང་ཞའོ་ཕིང་འཁྲུངས་ནས་ལོ་110འཁོར་བར་དྲན་གསོ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་བློ་མཐུན་ཏེང་ཞའོ་ཕིང་གིས་ང་ཚོར་ཇུས་འགོད་གནང་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཆར་འགོད་དེ་གོམ་སྟབས་རེ་རེ་བཞིན་མངོན་སུམ་དུ་འགྱུར་དུ་ཡོད་པ་དང་། ང་ཚོའི་རླབས་ཆེན་མེས་རྒྱལ་འདི་ཉིད་གོམ་སྟབས་རེ་རེ་བཞིན་སྟོབས་འབྱོར་མངའ་ཐང་ལྡན་པའི་ཕྱོགས་སུ་སྐྱོད་བཞིན་ཡོད། ཀྲུང་ཧྭ་མི་རིགས་གོམ་སྟབས་རེ་རེ་བཞིན་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། དུས་རབས་ཉི་ཤུ་བའི་ནང་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་རྒྱལ་ཁ་ཐོབ་པའི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་རབས་ཉེར་གཅིག་པའི་ནང་དེ་བས་རླབས་ཆེ་བའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁབ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
        ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། དད་སེམས་བརྟན་པོ་དེ་བློ་མཐུན་ཏེང་ཞའོ་ཕིང་གི་སྐུ་ཚེ་ཧྲིལ་པོའི་ཆབ་སྲིད་ཀྱི་གཤིས་རྒྱུད་གསལ་ཤོས་ཤིག་རེད་ལ། ཀྲུང་གོའི་གུང་ཁྲན་ཏང་མིར་ནམ་ཡང་དགོས་པའི་བསམ་པའི་འཁྱེར་སོ་ཞིག་ཀྱང་རེད། མི་དམངས་ལ་དགའ་ཞེན་གནང་རྒྱུ་དེ་བློ་མཐུན་ཏེང་ཞའོ་ཕིང་སྐུ་ཚེ་ཧྲིལ་པོའི་བརྩེ་དུང་ཟབ་མོ་བཅངས་ས་ཞིག་རེད་ལ། ཀྲུང་གོའི་གུང་ཁྲན་ཏང་མིས་ནམ་ཡང་བརྟན་སྲུང་བྱ་དགོས་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་རེད། དངོས་ཐོག་བདེན་འཚོལ་ནི་བློ་མཐུན་ཏེང་ཞའོ་ཕིང་གི་སྐུ་ཚེ་ཧྲིལ་པོའི་བསམ་བློའི་ཁྱད་ཆོས་གལ་ཆེ་ཤོས་ཤིག་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་མིས་ནམ་ཡང་བརྩི་སྲུང་ཞུ་དགོས་པའི་བསམ་བློའི་བྱེད་ཐབས་ཤིག་ཀྱང་རེད། གསར་འབྱེད་གསར་གཏོད་ནི་བློ་མཐུན་ཏེང་ཞའོ་ཕིང་སྐུ་ཚེ་ཧྲིལ་པོའི་འགོ་ཁྲིད་ཀྱི་ཉམས་འགྱུར་མངོན་གསལ་དོད་ཤོས་ཤིག་ཡིན་ལ།ཀྲུང་གོའི་གུང་ཁྲན་ཏང་མིར་ནམ་ཡང་དགོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཀྱང་རེད།
        ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཞུགས་པ་དང་ལིའུ་ཡུན་ཧྲན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།