འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།བློ་བཟང་རྒྱལ་མཚན་གྱིས་འབྲུག་ཡུལ་གྱི་ཕྱི་འབྲེལ་བློན་ཆེན་རིག་འཛིན་རྡོ་རྗེ་བཅས་པ་
དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་01ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
    མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་ཧྲུའུ་ཅི་གཞོན་པའམ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སར་བོད་ལྗོངས་སུ་གཟིགས་སྐོར་དང་འཚམས་འདྲིར་ཕེབས་པའི་འབྲུག་པའི་ཕྱི་འབྲེལ་བློན་ཆེན་རིག་འཛིན་རྡོ་རྗེ་བཅས་པ་དང་མཇལ་འཛོམས་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རིག་འཛིན་རྡོ་རྗེ་དང་བཅས་པར་དགའ་བསུ་ཞུས་གནང་བ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་གནང་།
    རིག་འཛིན་རྡོ་རྗེས་ད་རེས་བོད་ལྗོངས་སུ་གཟིགས་སྐོར་དང་འཚམས་འདྲི་བྱས་པ་བརྒྱུད་བོད་ལྗོངས་ཀྱི་དེང་རབས་ཅན་གྱི་འགྲིམ་འགྲུལ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་ནུས་ལྡན་བྱུང་བ། ཆོས་དད་རང་མོས་འགན་སྲུང་གང་ལེགས་ཐུབ་ཡོད་པ་བཅས་ཤེས་རྟོགས་བྱུང་ཞིང་། འབྱུང་འགྱུར་བོད་ལྗོངས་འདི་ཉིད་སྔར་བས་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
  

ཕྱོགས་བསྡུས་གསར་འགྱུར།