འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་ཡུན་ནན་
ལུའུ་ཏན་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་བསྔོ་སྨོན་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་11ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན་གྱི་སྔ་དྲོར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་གཙང་བཀྲ་ཤིས་ལྷུན་པོ་དགོན་དུ་ཡུན་ནན་ལུའུ་ཏན་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་བསྔོ་སྨོན་གནང་བ་མ་ཟད། ད་དུང་གེགས་ཁུལ་དུ་ཞལ་འདེབས་སྒོར་ཁྲི་15གནང་བ་རེད།
    སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ་བཀྲ་ཤིས་ལྷུན་པོ་དགོན་གྱི་ཚོགས་ཆེན་འདུ་ཁང་གི་དབུས་སུ་ཡོད་པའི་བཞུགས་ཁྲིའི་ཐོག་པཎ་ཆེན་རིན་པོ་ཆེས་བཀྲ་ཤིས་ལྷུན་པོ་དགོན་གྱི་གྲྭ་དམངས་དང་ལྷན་དུ་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཚོའི་རྣམ་ཤེས་ཡར་འདྲེན་དང་། གེགས་ཁུལ་གྱི་འགྲོ་བ་རྣམས་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་རམ་འོག་གང་མྱུར་ས་ཡོམ་གྱི་གནོད་འཚེ་ལས་འགྲོལ་བ།འདས་པོ་བདེ་འགྲོལ་དང་གསོན་པོ་སྡུག་བསྔལ་ལས་འགྲོལ་བ། འཛམ་གླིང་ཞི་བདེ་དང་མི་དམངས་ཁམས་བཟང་ཡོང་བའི་ཐུགས་སྨོན་གནང་བ་རེད།
  

ཕྱོགས་བསྡུས་གསར་འགྱུར།