འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།2014ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཟླ་8ཚེས་25ཉིན་གཏོང་འགོ་ཚུགས་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་11ཉིན། 16:55】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་8ཚེས་8ཉིན་ལྷ་སར་སྐོང་ཚོགས་བྱས་པའི་2014ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། 2014ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་ཟླ་8ཚེས་25ཉིན་གཏོང་འགོ་ཚུགས་རྒྱུ་ཡིན་ཞིང་། ཞོ་སྟོན་སྐབས་འབྲས་སྤུངས་དང་སེ་ར་དགོན་དུ་གོས་སྐུ་བཤམས་མཇལ་དང་། ལྷ་མོ་འཁྲབ་སྟོན། ཐང་ག་འགྲེམས་སྟོན། ཇོ་རིའི་པར་རིས་འགྲེམས་སྟོན། བོད་ཀྱི་ཁྱད་ཟས་གཤོམ་སྟོན། ས་ཁང་བདག་ཁོངས་འགྲེམས་ཚོང་འདུ་ཚོགས་སོགས་བྱེད་སྒོ་ཆུང་མ་ཆེ་གྲས་20ལྷག་སྤེལ་རྒྱུ་ཡིན་པ་རེད། 
    ལྷ་སའི་ཞོ་སྟོན་ནི་སྤྱི་ལོ་དུས་རབས་11པའི་དུས་དཀྱིལ་ནས་གཏོང་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོའི་སྲུང་སྐྱོང་མིང་གཞུང་ནང་བཅུག་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པ་དང་། ཞོ་སྟོན་ནི་ལོ་ལྟར་བོད་ཟླ་དྲུག་པའི་ཚེས་སུམ་བཅུ་ཉིན་ནས་འགོ་ཚུགས་ཏེ་དུས་ཡུན་གཟའ་འཁོར་གཅིག་ཙམ་གཏོང་གི་ཡོད་པ་རེད།
  

ཕྱོགས་བསྡུས་གསར་འགྱུར།