འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་སྟེ་ཀྲུང་གོའི་བདག་དབང་ལ་བཙན་གནོད་བྱས་པར་
ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་01ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
    སྤྱི་ཟླ་༧པའི་ཚེས་༣༡ཉིན། ཕྱི་འབྲེལ་པུའི་འགྲིན་ཚབ་པ་ཆིན་ཀང་གིས་ཨ་རིའི་རྒྱལ་དོན་ཁང་གི་འགྲིན་ཚབ་པས་ཀྲུང་གོའི་སྐོར་གྱི་ནོར་འཁྲུལ་གྱི་གཏམ་བཤད་སྤེལ་བའི་ཐད་གསར་འགོད་པས་བཏོན་པའི་འདྲི་བར་ལན་བསྐྱོན་སྐབས། ཀྲུང་གོའི་ཕྱོགས་ནས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
    གསར་འགོད་པས་སྤྱི་ཟླ་༧པའི་ཚེས་༣༠ཉིན། ཨ་རིའི་རྒྱལ་དོན་ཁང་གི་འགྲིན་ཚབ་པ་གཞོན་པ་ཧ་ཧྥུས་ཨ་རིའི་ཕྱོགས་ནས་དབྱི་ལིད་ཧ་མུའི་གྱོད་གཞིར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་སྲིད་གཞུང་གིས་ཁོ་པ་ཀློད་དཀྲོལ་གཏོང་རྒྱུ་མ་ཟད། ཁོ་པའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་འགན་སྲུང་བྱེད་རྒྱུའི་རེ་འབོད་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པས། ཀྲུང་གོའི་ཕྱོགས་ནས་དེར་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས་པར།
    ཆིན་ཀང་གིས། དབྱི་ལིད་ཧ་མུ་•ཐུ་ཧོ་ཐིར་ཁྲིམས་འགལ་ཉེས་བསག་གི་དོགས་པ་ཡོད་པ་དང་། མིག་སྔར་གྱོད་གཞི་དེ་ཁྲིམས་ལྟར་ཐག་གཅོད་བྱེད་བཞིན་ཡོད། ཨ་རིའི་ཕྱོགས་ནས་ཡང་བསྐོར་བསྐྱར་བསྐོར་གྱིས་འགྲོ་བ་མིའི་ཐོབ་ཐང་ཞེས་པར་ཁ་གཡར་ཏེ་གྱོད་གཞིའི་ཁྲིམས་འཛིན་ལ་ཐེ་ཇུས་བྱས་པ་ནི་ཀྲུང་གོའི་བདག་དབང་ལ་ཧམ་པ་ཆེན་པོས་ཐེ་ཇུས་བྱས་པ་ཞིག་ཡིན། ཀྲུང་གོའི་ཕྱོགས་ནས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་དང་མི་འདོད་པའི་རྣམ་འགྱུར་དྲག་པོ་བསྟན་རྒྱུ་ཡིན། ང་ཚོས་ཨ་རིའི་ཕྱོགས་ནས་འཕྲལ་དུ་འབྲེལ་ཡོད་ཀྱི་ནོར་འཁྲུལ་གྱི་བྱ་སྤྱོད་ཡོ་བསྲང་བྱེད་རྒྱུ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་གཏམ་སྤྱོད་ཐམས་ཅད་མཚམས་འཇོག་བྱེད་རྒྱུའི་རེ་བ་འདོན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
  

ཕྱོགས་བསྡུས་གསར་འགྱུར།