འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་20ཉིན།
མི་དམངས་དྲ་བ།

༄༅།།ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཞི་པས་བོད་ལྗོངས་ཀྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་
ཚོགས་ཆེན་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 07ཚེས་30ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཉེ་ཆར་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཞི་པ་བོད་ལྗོངས་སུ་འབྱོར་ནས་སྐོར་ཞིབ་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ཚེས་27ཉིན་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་བཞི་པས་བོད་ལྗོངས་ཀྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་ཆེན་འཚོགས་ཏེ་སྐོར་ཞིབ་ལས་དོན་ཁག་བཀོད་སྒྲིག་གནང་། ཤེས་རྟོགས་ལྟར་ན་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་བོད་ལྗོངས་སུ་ཟླ་གཉིས་རིང་ལས་དོན་བསྒྲུབ་རྒྱུ་ཡིན་ཞིང་། སྐོར་ཞིབ་བྱེད་རིང་(ཟླ་7ཚེས་25ཉིན་ནས་ཟླ་9ཚེས་24ཉིན་བར་)ཆེད་དམིགས་ལས་རེས་ཁ་པར་0891-6393230དང་། ཆེད་དམིགས་སྦྲག་སྲིད་ཡིག་སྒམ་སྟེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཡིག་སྒམ་ཨང་93པ་དང་། སྦྲག་ཨང་850000བཅས་བཙུགས་ཡོད། སྐོར་ཞིབ་ཚོགས་ཆུང་གིས་ཉིན་ལྟར་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ཞོགས་པའི་ཆུ་ཚོད་9ནས་དགོང་མོའི་ཆུ་ཚོད་21བར་རེད།
  

ཕྱོགས་བསྡུས་གསར་འགྱུར།