མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཕྱི་ཕྱོགས་ཚོང་དོན་བརྟན་གཏོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་
ནན་བཤད་གནང་དོན། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་བཏང་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་
རྒྱལ་གྱི་མ་རྩའི་རྨང་གཞི་བརྟན་པོ་ཡོང་ཐབས་ཧུར་ཐག་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཕྱི་ཕྱོགས་ཚོང་དོན་བརྟན་གཏོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཕེབས་པ་རེད།
    ལི་ཁེ་ཆང་གིས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི་མ་རྩའི་རྨང་གཞི་བརྟན་པོ་ཡོང་བ་བྱ་རྒྱུ་དེ་དཔལ་འབྱོར་འཁོར་རྒྱུག་དང་ལས་ཞུགས་སྤྱི་ཡོངས་ནས་བརྟན་པོ་ཡོང་བ་བྱ་རྒྱུའི་ངོས་ནས་བརྗོད་ན་གལ་འགངས་ཆེན་པོ་ཞིག་ཡིན། འདི་ལོ་ཤར་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་གནས་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་བ་དང་དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་པས་ཉེ་བའི་ཟླ་བ་འགའ་ཞིག་རིང་ཕྱི་ཕྱོགས་ཚོང་དོན་སླར་ཡང་བརྟན་དུ་སོང་ཡོད། མིག་སྔར་རིམས་ནད་གོ་ལ་ཧྲིལ་པོར་སྔར་བཞིན་མཆེད་ནས་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་བྱུང་བ་དང་རང་རྒྱལ་གྱི་དཔལ་འབྱོར་འཛམ་གླིང་གི་དཔལ་འབྱོར་ནང་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། གོམ་སྟབས་རྗེས་མར་ཕྱི་ཕྱོགས་ཚོང་དོན་གྱི་ཁོར་ཡུག་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོང་རྒྱུ་ཡིན་པས་ངེས་པར་དུ་ཚོད་དཔག་ཡག་པོ་དང་གྲ་སྒྲིག་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་བ། “བརྟན་པོ་དྲུག”དང“འགན་ལེན་དྲུག”བྱེད་པའི་ཐད་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། འཕེལ་རྒྱས་ཡོང་ངེས་ཀྱི་ཡིད་ཆེས་ཀྱི་བསམ་པ་བརྟན་དུ་གཏོང་བ། དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་གཅོག་པ། ཆུ་ཚད་སྔར་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་རྣམ་པ་གསར་གཏོད་བྱེད་པ། ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་ཞུགས་འགན་ལེན་དང་དཔལ་འབྱོར་བརྟན་པོ་ཡོང་བ་བྱ་རྒྱུར་འདེགས་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
    ལི་ཁེ་ཆང་གིས་ལས་ཞུཌ་དང་། དམངས་འཚོ། ཁྲོམ་རའི་བྱེད་པོ་བཅས་འགན་ལེན་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་ཀྱི་སྲིད་ཇུས་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱེད་དགོས། ནང་མཁོ་ཆེ་རུ་ཧུར་ཐག་གཏོང་བ་དང་ཆབས་ཅིག ཕྱི་ཕྱོགས་ཚོང་དོན་བརྟན་དུ་གཏོང་བ་དང་ཕྱི་རྒྱལ་གྱི་མ་འཇོག་བརྟན་དུ་གཏོང་བའི་བྱེད་ཐབས་གསར་པ་ཞིབ་འཇུག་བྱས་ནས་འདོན་པ་དང་། ལྷག་པར་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་འབྲིང་གྲས་དང་། ཁེ་ལས་ཆུང་གྲས། ཕྲན་ཚེགས་ཁེ་ལས་བཅས་དང་ངལ་རྩོལ་མང་འདུས་ཀྱི་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦྲགས། རྐང་འཛིན་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་དཀའ་ངལ་དང་དཀའ་གནད་སེལ་རོགས་བྱས་ནས་ལས་ཞུགས་བརྟན་པོ་ཡོང་རྒྱུར་སྔར་བས་འདེགས་སྐྱོར་བྱེད་དགོས། ཕྱིར་གཏོང་ཁྲལ་སློག་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ནས་ཁྲལ་སློག་བྱེད་མགྱོགས་སུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

  
style="display:none;"