མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་
ཞུགས་རྒྱུ་ཡིན་པ་དང་འབྲེལ་ཤིས་ཚིག་ཀྱང་གསུང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་09ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་དུ་སྤེལ་བའི་2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོའི་འབྲེལ་ཡོད་བཀོད་སྒྲིག་དང་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ། པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱི་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ། པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱི་ལག་བསྟར་ཨུ་ལྷན་གྱི་ལག་བསྟར་ཀྲུའུ་རེན་ཀའོ་ཡན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཟླ་10ཚེས་9ཉིན་གྱི་དགོང་མོར་2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྟོན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཕེབས་རྒྱུ་ཡིན་པ་དང་འབྲེལ་ཤིས་ཚིག་ཀྱང་གསུང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། 
     ཕ་ཁི་སི་ཐན་དང་། སུའོ་ལུའོ་མོན་གླིང་ཚོམ། ཁམ་ཕུ་ཁྲེ། ཀན་ཅི་སི་ཐན། ཨ་ཟེར་བྷེ་ཇན་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཆབ་སྲིད་མི་སྣ་གལ་ཆེན། རྒྱལ་སྤྱིའི་འགྲེམས་སྟོན་ཅུས་དང་རྒྱལ་སྤྱིའི་སྐྱེལ་ཚལ་ཐོན་སྐྱེད་བྱེད་མཁན་མཐུན་ཚོགས་ཀྱི་འགན་འཁུར་བ་སོགས་མཇུག་སྒྲིལ་མཛད་སྒོར་ཞུགས་རྒྱུ་རེད། རྒྱལ་སྤྱིའི་འགྲེམས་ཞུགས་ཕྱོགས་དང་། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ཀྱི་མི་སྣ། སྐྱེད་ཚལ་སྒྱུ་རྩལ་ལས་རིགས་ཀྱི་ཆེད་མཁས་གྲགས་ཅན། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པ་དང་དེ་བཞིན་རྒྱལ་ནང་གི་པུའུ་ཨུ་ཁག་དང་ས་གནས་ཁག་གི་འཐུས་མི་900ཙམ་ཡང་མཇུག་སྒྲིལ་མཛད་སྒོར་ཞུགས་རྒྱུ་རེད། མཇུག་སྒྲིལ་མཛད་སྒོ་མ་འཚོགས་གོང་། ལི་ཁེ་ཆང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོའི་འགྲེམས་ཁང་ལ་ལྟ་སྐོར་གནང་རྒྱུ་རེད།

  
style="display:none;"