མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་ཀྲུང་ཧྭ་མི་དམངས་
སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་ནང་ཞུགས་མཁན་
མི་སྣ་ཡོངས་ལ་གཟེངས་བསྟོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་02ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་10ཚེས་1ཉིན་བཀའ་རྒྱར་མཚན་རྟགས་བཀོད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་ནང་ཞུགས་མཁན་མི་སྣ་ཡོངས་ལ་གཟེངས་བསྟོད་བྱས་པ་རེད།
    གཟེངས་བསྟོད་བཀའ་རྒྱའི་ནང་། རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ཁྲོད་གཟིགས་ཞིབ་དང་ལེན་བྱེད་མཁན་དཔུང་སྡེ་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲག་ཆས་སྟོབས་ཤུགས་མཚོན་པའི་འཐུས་ཚབ་ཤིག་ཡིན་པའི་ངོས་ནས་རྔམ་བརྗིད་ཆེ་བའི་དཔུང་ཤུགས་སྟོབས་ཆེན་དང་། དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པ་གསར་པ། ཞུམ་མེད་མདུན་སྐྱོད་ཀྱི་བརྗིད་ཆེའི་ཉམས་བཟང་བཅས་ལ་བརྟེན་ནས་གཟི་བརྗིད་ལྡན་པའི་ངང་ཏང་དང་མི་དམངས་ཀྱི་གཟིགས་ཞིབ་དང་ལེན་བྱས་ཏེ་ཀྲུང་གོའི་ཉམས་བཟང་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་པར་བྱེད་པ། སྟོབས་ཆེའི་དམག་དཔུང་གི་བརྗིད་ཉམས་སྟོན་པ་བཅས་ཀྱི་དམག་གཟིགས་མཛད་སྒོ་གཟབ་རྒྱས་ཤིག་སྐྱེས་སུ་ཕུལ་ཡོད། གཟིགས་ཞིབ་དཔུང་སྡེའི་ངོ་མཚར་ཆེ་བའི་མཚོན་ཚུལ་ཐོག་ནས་མི་དམངས་དམག་དཔུང་གིས་ནམ་ཡང་ཏང་གི་བཀོད་འདོམས་ལ་ཉན་པའི་ལངས་ཕྱོགས་གསལ་པོ་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་ལ། དུས་རབས་གསར་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་གཅིག་སྡུད་ཐོག་མངོན་པ་དང་། རང་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་དངོས་ཤུགས་གཅིག་སྡུད་ཐོག་མངོན་པར་བྱས་ནས། མི་རིགས་ཀྱི་སྙིང་སྟོབས་འཕེལ་བ་དང་། རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ། སྟོབས་ཤུགས་ཆེན་པོ་གཅིག་སྡུད་བཅས་བྱས་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་ཡིད་ཆེས་དང་བློ་རྩ་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་འཁོད་ཡོད།
     གཟེངས་བསྟོད་བཀའ་རྒྱའི་ནང་། དམག་གཟིགས་ཀྱི་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་དེ་ནི་དམག་གཟིགས་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། འགན་འཁྲིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅང་བ། སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་པའི་གྲུབ་འབྲས་ཤིག་ཡིན། རྒྱ་ཆེའི་གཟིགས་ཞིབ་དང་ལེན་བྱེད་མཁན་དཔོན་དམག་གིས་རང་ཉིད་ལ་འགྲན་སློང་བྱེད་པ་དང་། ཕུལ་བྱུང་བརྩོན་ལེན་བྱེད་པ། དམག་དཔོན་དང་དམག་མིས་སེམས་ཤུགས་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱེད་པ། འགན་ལེན་མི་སྣས་མཉམ་ལས་དམ་ཟབ་དང་ཁ་ཁུ་སིམ་པོས་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་དམག་གཟིགས་ལས་དོན་བདེ་བླག་ངང་སྤེལ་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད། དམག་གཟིགས་ཀྱི་ལག་ལེན་དངོས་ནང་མི་སྣ་ཡོངས་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་ལྷག་བསམ་ཟོལ་མེད་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། མེས་རྒྱལ་སྲུང་སྐྱོབ་དང་རྒྱལ་ཁ་ལེན་པའི་དམག་འཐབ་རྒྱག་ཐུབ་པའི་ལས་འགན་དང་འགན་འཁྲི། མཚན་སྙན་ལ་བརྩི་མཐོང་དང་འགན་འཁྲིར་ངོ་གནོང་མི་དགོས་པའི་རིན་ཐང་དོན་གཉེར། རྩེར་སོན་བརྩོན་ལེན་དང་རྒྱལ་ཁ་ལེན་ཕོད་པའི་ཡར་བརྩོན་གྱི་སྙིང་སྟོབས། དཀའ་ངལ་ལ་མི་སྐྲག་པ་དང་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱེད་པའི་སྤྱོད་ཚུལ་བཟང་པོ་བཅས་མངོན་ནས་དུས་རབས་གསར་པའི་གསར་བརྗེའི་དམག་མིའི་རྣམ་པ་བཟང་པོ་བཏོད་ཡོད་ཅེས་འཁོད་ཡོད།
     གཟེངས་བསྟོད་བཀའ་རྒྱའི་ནང་། དམག་ཡོངས་ཀྱི་དཔུང་སྡེས་དམག་གཟིགས་ནང་ཞུགས་མཁན་དཔུང་སྡེར་སློབ་སྦྱོང་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅང་བ་དང་། མུ་མཐུད་འབད་བརྩོན་བྱས་ནས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་འཁུར་བའི་ལས་འགན་ལེགས་འགྲུབ་ཡོང་བ་བྱེད་དགོས། དམག་ཡོངས་ཀྱི་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དམག་ཨུད་ཀྱི་ཀྲུའུ་ཞིས་འགན་འཁྲི་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་མཐའ་འཁྱོངས་བྱས་ཏེ་དམག་གྲབས་དམག་རྒྱག་ལ་ཤུགས་སྣོན་དང་། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན། ལས་དོན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད།

  
style="display:none;"