མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་བློ་མཐུན་མའོ་ཙེ་ཏུང་གི་སྐུ་གདུང་མཇལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་01ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅༎ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་བློ་མཐུན་མའོ་ཙེ་ཏུང་གི་སྐུ་གདུང་མཇལ་བ།

     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་30ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པེ་ཅིང་གི་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མི་དམངས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་པ་རེད། མཛད་སྒོ་མ་འཚོག་གོང་ཞི་ཅིན་ཕིང་སོགས་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་དུ་བློ་མཐུན་མའོ་ཙེ་ཏུང་གི་སྐུ་གདུང་ལ་གཟིགས་པར་ཕེབས་པ་རེད།

  
style="display:none;"