མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་དང་གྲོས་མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་དང་གྲོས་མོལ་གནང་བ།

       ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པིའི་གྲུ་ཁ་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོར་སི་པིའི་གྲུ་ཁར་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་དགེ་མཚན་ལྡན་པའི་གདེང་འཇོག་གནང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཏིངས་གནང་ནས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་དབར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་མགྲིན་གཅིག་ཏུ་གནང་བ་རེད།
       ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་སྲིད་གཞུང་དང་མི་དམངས་ཀྱིས་ང་ད་ཐེངས་འཚམས་འདྲིར་ཡོང་བར་སྤྲོ་སེམས་འཁོལ་ལ་གཟབ་ཅིང་རྒྱས་པའི་སྣེ་ལེན་དང་དགའ་བསུ་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་དགའ་བསུ་ཞུ་མཁན་མང་ཚོགས་ཀྱི་བཞིན་ལས་ལྷད་མེད་ཀྱི་འཛུམ་མདངས་འཕྱུར་བ་མཐོང་བྱུང་ལ་ཁོང་ཚོའི་མཛའ་གྲོགས་ཀྱི་སྤྲོ་སེམས་ཀྱང་མྱོང་ཚོར་ཐུབ་བྱུང་། དེ་ནི་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་མཛའ་སེམས་ཟབ་མོ་བཅངས་པའི་དངོས་ཡོད་ཀྱི་མཚོན་ཚུལ་རེད་ལ། ལོ་མང་རིང་གི་ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་དབར་འབྲེལ་བ་འཕེལ་རྒྱས་དང་མཉམ་ལས་ཀྱི་གྲུབ་འབྲས་ཀྱི་མཚོན་ཚུལ་ཡག་ཤོས་ཤིག་ཀྱང་རེད་ཅེས་གསུངས།
       ཞི་ཅིན་ཕིང་གིས་ད་ཕན་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་བྱེད་མང་བ་དང་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་ངང་གདམ་ག་བྱས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་དང་། ཕ་ཕུ་ཡ་ཀུའི་ནེ་ཡ་གསར་པའི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱེད་རྒྱུ་ཡིན། ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་ཆེད་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་གནང་བ་རེད།
      གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་ཁག་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།

  
style="display:none;"