མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་ཁའི་ཆུ་བེད་ཀྱི་རྨང་གཞིའི་འཛུགས་སྐྲུན་སྐོར་གྱི་བརྙན་འཕྲིན་
ཁ་པར་ཚོགས་འདུར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་ཁའི་ཆུ་བེད་ཀྱི་རྨང་གཞིའི་འཛུགས་སྐྲུན་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟླ་11ཚེས་14ཉིན་པེ་ཅིང་དུ་འཚོགས་པ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཞིང་། མཆན་བཀོད་མཛུབ་སྟོན་ནང་། ཞིང་ཁའི་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་བྱེད་པ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་དམིགས་པ། 
         ཞན་ཆ་གསབ་པའི་ཁྱབ་ཁོངས་སུ་མ་དངུལ་ནུས་ལྡན་འཇོག་རྒྱུར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱེད་པ། འཆར་འགོད་བཀོད་སྒྲིག་ལ་ཤུགས་སྣོན། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ཁའི་ཆུ་བེད་དང་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་དགོས། རིམ་ཁག་སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་ཏན་ཏིག་དང་འབྲེལ་ཡོད་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་གཅིག་སྡུད་དང་། གཅིག་གྱུར། ནུས་ཆེ་བཅས་ཀྱི་ཞིང་ཁ་འཛུགས་སྐྲུན་དོ་དམ་གྱི་ལམ་སྲོལ་གསར་པ་གང་མགྱོགས་སྐྲུན་དགོས། མ་དངུལ་བརྟན་པོའི་ངང་འཕར་བའི་ལམ་སྲོལ་འཛུགས་པ་དང་། འཛུགས་སྐྲུན་མ་དངུལ་ཡོང་ཁུངས་བསྡུ་སྒྲིལ་ལ་ཤུཌ་སྣོན། སྤྱི་ཚོགས་ཀྱི་མ་དངུལ་སྐོང་འཐེན་ཤུགས་ཆེན། རྒྱ་ཆེའི་ཞིང་པ་རྣམས་ཞིང་ཁའི་ཆུ་བེད་ཀྱི་རྨང་གཞིའི་འཛུགས་སྐྲུན་དང་རྒྱུན་གཏན་བདག་སྐྱོང་ལ་ཞུགས་པའི་ཧུར་སེམས་ཐབས་བརྒྱ་ཇུས་སྟོང་ངང་སྐོང་འཐེན་བཅས་བྱས་ཏེ་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་ནུས་པའི་རྨང་གཞི་བརྟན་དུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུར་འགན་ལེན་ཧུར་ཐག་བྱེད་པ། ཞིང་པར་འབབ་འཕར་དང་གྲོང་གསེབ་དེང་རབས་ཅན་གྱི་འཛུཌ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་འབུལ་དགོས།

  
style="display:none;"