མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་
ཨེན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 09ཚེས་11ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་དང་རྒྱལ་དོན་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་སྐབས་འདིར་ངས་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱི་ཚབ་ཞུ་བ་དང་ཆབས་ཅིག་རང་ཉིད་སྒེར་གྱི་མིང་ཐོག་ནས་བློ་མཐུན་ཨུ་ཡོན་ཀྲང་དང་ཁྱེད་རང་བརྒྱུད་ཁྲའོ་ཞན་ངལ་རྩོལ་ཏང་དང་། ཁྲའོ་ཞན་སྲིད་གཞུང་། ཁྲའོ་ཞན་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70སོང་རིང་ཁྲའོ་ཞན་མི་དམངས་ལ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་བློ་མཐུན་ཨུ་ཡོན་ཀྲང་གིས་ཁྲའོ་ཞན་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་མ་ཟད་དེར་གྲུབ་འབྲས་གལ་ཆེན་ཐོབ་ནས་ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། དེའི་ཐད་ང་རང་སེམས་གཏིང་ནས་དགའ་པོ་བྱུང་ཞེས་གསུངས།
         ཞི་ཅིན་ཕིང་གིས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོ་ནི་རི་ཆུ་མཉམ་དུ་འདྲེས་པའི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རེད། ཀྲུང་ཁྲའོ་སྲོལ་རྒྱུན་མཛའ་གྲོགས་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་མི་རབས་རྒན་གྲས་སྐུ་ངོ་མས་གསར་གཏོད་དང་གཟབ་ནན་ངང་སྐྱེད་སྲིང་བྱས་པ་ཞིག་རེད་ལ་ཕྱོགས་གཉིས་པོའི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་ཞིག་ཀྱང་རེད། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་ཁྲའོ་མཛའ་གྲོགས་མཉམ་ལས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཀྲུང་ཁྲའོ་འབྲེལ་བ་སྲུང་སྐྱོང་ཡག་པོ་དང་། སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་རྒྱུ་དེ་ཀྲུང་གོའི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན་པ་རེད། འདི་ལོ་ང་དང་བློ་མཐུན་ཨུ་ཡོན་ཀྲང་དང་ཞལ་འཛོམས་ཐེངས་གསུམ་བྱུང་བ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་བྱས་ཡོད། ངས་བློ་མཐུན་ཨུ་ཡོན་ཀྲང་དང་མཉམ་དུ་ཀྲུང་ཁྲའོ་འབྲེལ་བ་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་སྐྲུན་པ་དང་ས་ཁུལ་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད། ཁྲའོ་ཞན་མི་དམངས་ཀྱིས་བློ་མཐུན་ཨུ་ཡོན་ཀྲང་གིས་གཙོས་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་འགོ་ཁྲིད་འོག་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་བྱ་གཞག་ཁྲོད་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྙིང་དབུས་ནས་སྨོན་འདུན་ཞུ་རྒྱུ་ཡིན་ལ། ཁྲའོ་ཞན་དམངས་གཙོ་རིང་ལུགས་ཀྱི་མི་དམངས་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བཟང་ལྡན་རྒྱུར་སྙིང་དབུས་ནས་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།