འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུད་གཅིག་ལམ་གཅིག"ལམ་རྒྱུད་རྒྱལ་ཁབ་ཀྱི་རིག་གནས་གསར་གཏོད་ཐོན་རྫས་ཉིང་པོ་
    རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་སུ་སྟོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་17ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན། 2018ལོའི་ཀྲུང་གོའི(ཉིང་པོ)ཁྱད་ལྡན་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་ཚོང་འདུས་འགོ་ཚུགས་པ་དང་། རྒྱལ་སྤྱི་ཅན་ནི་སྐབས་འདིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཡིན། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་30ལྷག་ཙམ་གྱིས་སྟོན་ཚོགས་ནང་ཧུར་ཐག་ཞུགས་ཡོད།
         སྐབས་འདིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་རིག་གནས་ཚོང་དོན”དང་། “སྲོལ་རྒྱུན་རིག་གནས་དང་དེང་རབས་འཚོ་བ”“རིག་གནས་ཀྱི་རིག་ནུས་གྲངས་གཞིའི་ཚན་རྩལ”བཅས་བརྗོད་དོན་གཙོ་བོ་ཆེན་པོ་གསུམ་དང་དེ་བཞིན“རིག་གནས་ཐོན་ལས་གསར་གཏོད་འཕེལ་རྒྱས”ཀྱི་ཆེད་དོན་ལ་དམིགས་པས་སྟོན་ཚོགས་ནང་ཞུགས་མཁན་ཁེ་ལས་1500ལྷག་ཙམ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།