འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་འགོད་པ་4.25ས་ཡོམ་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་06ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།གསར་འགོད་པ་4.25ས་ཡོམ་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་པ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་ཀྱི་ས་གཞི་ཁོད་སྙོམས་པ་ཆེན་པོ་ཞིག་འདི་དེ་སྔོན་ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་ཏེ་གསར་སྐྲུན་བྱེད་པའི་བཟོ་ལས་གླིང་ཡིན། ད་སྐབས་བཟོ་ལས་ཁུལ་འདི་ན་དུད་ཚང་500ལྷག་གི་མང་ཚོགས་མི་གྲངས་2000ལྷག་ཙམ་བསྡད་ཡོད་ཅིང་། ཁོང་ཚོ་ནི་4.25ནེ་པ་ལའི་ས་ཡོམ་རིམ་པ་8.1གི་གནོད་སྐྱོན་ཐེབས་པའི་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ལམ་རྫོང་འགྲམ་གྲོང་རྡལ་ནས་ཡོང་བ་རེད། ཁོང་ཚོར་ས་ཡོམ་གྱི་གནོད་པ་ཚབས་ཆེན་ཐེབས་ཏེ་ཕ་ཡུལ་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་རེད། མིག་སྔར་རྒྱལ་ཁབ་ཀྱིས་རོགས་སྐྱོར་ཆེན་པོ་བྱས་ཏེ་བསམ་གྲུབ་རྩེ་ཆུས་ལ་བཀོད་སྒྲིག་བྱས་སྟབས་སླར་ཡང་འཚོ་གནས་བྱེད་པའི་རེ་བ་གསར་པ་རྙེད་པ་རེད།
    ༄༅།།གསར་འགོད་པ་4.25ས་ཡོམ་གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།