འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོའི་མཚོན་རྟགས་
    ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་01ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོའི་མཚོན་རྟགས་
ཡོངས་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་དང་དྲན་གསོའི་མཚོན་རྟགས་དངོས་སུ་ཡོངས་བསྒྲགས་བྱས་པ་དེ་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོའི་གྲ་སྒྲིག་ལས་དོན་འགོ་ཚུགས་པ་མཚོན་གྱི་ཡོད།
         མཚོན་རྟགས་འཆར་འགོད་ཀྱི་གཞི་རྒྱུ་གཙོ་བོ་ནི་ཨ་རབ་ཀྱི་ཨང་ཀི“50”ཡིན་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་བརྗོད་བྱ་གཙོ་བོ་དེ་ལྷག་པར་མངོན་ཡོད།  
         ཨང་ཀི“5”ཡི་སྟེང་དུ་སྐར་ལྔའི་དར་དམར་ཡིན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མི་ཁྲི་སེམས་གཅིག་དང་གསར་འབྱེད་ཡར་བརྩོན་གྱིས་ཐུན་མོང་ཐོག་འོད་སྟོང་གཏོད་པ་མཚོན་པ་དང་།  འོག་ཏུ་བོད་མི་རིགས་ཀྱི་ཁྱད་ལྡན་གཞི་རྒྱུ་དར་ཚོན་སྣ་ལྔ་ཡིན་པས་རྟེན་འབྲེལ་དང་འཆམ་མཐུན་མཚོན་གྱི་ཡོད།  
         ཨང་ཀི“0”དེ་ལྷབ་ལྷུབ་ཏུ་གཡོ་བའི་ཁ་བཏགས་དང་དེ་བཞིན་པདྨ་མེ་ཏོག་གིས་ཨང་ཀི“5”ལ་བརྒྱན་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50ཡི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་དང་།  བྱ་གཞག་ཁག་དབྱར་མཚོ་རྒྱས་པ།  མི་དམངས་ཀྱི་འཚོ་བ་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པ་བཅས་ཡོད་པ་མཚོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།