འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ནང་བསྟན་ལས་དོན་
    གྱི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་07ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་ནང་བསྟན་ལས་དོན་
གྱི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་4ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཆོས་ལུགས་གཏོགས་ཁོངས་ཨུ་ཡོན་ཚོགས་ཆུང་གི་ཚོགས་རར་ཞུགས་པ་དང་། ཁོང་གིས་འགོ་བརྗོད་དུ་<<ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་དེ་བས་ལེགས་པའི་ངང་འཚམ་མཐུན་ཡོང་བ་བྱེད་དགོས་>>ཞེས་འཁོད་པའི་གཏམ་བཤད་གནང་ཞིང་། གཏམ་བཤད་དེ་ཁོང་གི་གྲོས་གཞིར་བརྩིས་ནས་ད་ཐེངས་ཀྱི་ཚོགས་ཆེན་ལ་ཕུལ་བ་རེད།
         པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྙན་སྒྲོན་གནང་སྐབས་ཀྲུང་གོ་ཆོས་ལུགས་གཏོགས་ཁོངས་ཞི་བདེ་ཨུ་ཡོན་ལྷན་ཁང་གིས་དམིགས་བསལ་ལས་སྟེགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་བོད་འབྲེལ་དང་ཤིན་འབྲེལ་སོགས་ཀྱི་གནད་དོན་ཐད་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ལས་དོན་སྤེལ་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་ཞེས་པའི་ཆོས་ལུགས་ལས་དོན་སྐོར་གྱི་ཞིབ་གླེང་དེས་ཆོས་ལུགས་གཏོགས་ཁོངས་ལ་རེ་བ་ཁ་གསལ་བཏོན་ཡོད་པས། བོད་བརྒྱུད་ནང་བསྟན་གྱིས་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཁྲོད་ནུས་པ་གལ་ཆེན་དངོས་འབྲེལ་འདོན་ཐུབ་ངེས་རེད་བསམ་གྱི་འདུག”ཅེས་གསུངས།
         པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས“ལོ་དེ་དག་ནང་བོད་ལ་ཡར་རྒྱས་དང་འཕེལ་རྒྱས་བྱུང་བ་ལྟར། བོད་བརྒྱུད་ནང་བསྟན་ཡང་འཕེལ་རྒྱས་དང་ཡར་རྒྱས་འགྲོ་བཞིན་ཡོད།” 2000ལོ་ནས་བཟུང་ཀྲུང་དབྱང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་20.4བཏང་ནས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་པའི་ཁྲོད་ནས་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ས་སྐྱ་དགོན་བཅས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་ཆེ་གྲས་གསུམ་ལ་མ་དངུལ་སྒོར་དུང་ཕྱུར་3.8བཏང་བ་དེ་ཐོག་ནས་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་ལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས།
         པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་དོ་ཁུར་ཧ་ཅང་ཆེན་པོ་གནང་ཡོད་ཅིང་། ཁོང་གིས“ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནང་བསྟན་ལས་དོན་གྱི་གལ་འགངས་ཤིན་ཏུ་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་པའི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྐྱོད་མཁན་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད། དེ་ལྟར་བྱས་ཚེ་གཞི་ནས་བོད་བརྒྱུད་ནང་བསྟན་ལྷད་མེད་ཁུངས་དག་དང་། རྒྱལ་ཁབ་དཔལ་གྱིས་བརྒྱན་པ། འགྲོ་ཀུན་བདེ་ལ་འཁོད་ཐུབ”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།