འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ལ་ཐབས་དང་ཇུས་འདོན་པའི་བདག་གི་ཧུར་སེམས་དེ་བས་ཆེ་རུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་04ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2010ལོའི་ཟླ་3པར་བདག་ཕྱིར་སྡོད་སྤུན་ཟླའི་ཚབ་བྱས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གཟི་བརྗིད་ལྡན་པའི་ངང་ཟུར་ཞུགས་བྱས་པ་ཡིན། སྐབས་དེ་དུས་པེ་ཅིང་དུ་ཁ་བ་བབས་པ་དང་གནམ་གཤིས་ཧ་ཅང་གྲང་ངར་ཆེན་པོ་ཡོད་ཀྱང་བདག་གི་སེམས་པ་དྲོ་སོབ་སོབ་ཅིག་འདུག སྲིད་གྲོས་ཀྱི་ཚོགས་འདུར་ཟུར་ཞུགས་བྱེད་པའི་ནང་རྒྱལ་ཁབ་21གི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་38ཡོད་པ་དང་དེའི་ཁྲོད་བདག་ཡོད་པས་ཧ་ཅང་གཟི་བརྗིད་ཆེན་པོ་ཡིན་པའི་ཚོར་སྣང་བྱུང་ལ་འགན་འཁྲི་དང་ལས་འགན་ཡང་ལྗིད་པོ་ཡིན་པ་ཚོར་བྱུང་།
         བདག་གིས་ཀྲུང་གོའི་འཕེལ་རྒྱས་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ་རྒྱལ་ཁབ་འཕེལ་རྒྱས་ཆེད་ཐོག་མཐའ་བར་གསུམ་དུ་ཐབས་དང་ཇུས་འདོན་འདོད་འདུག
         ཉིན་ཤས་ནང་བདག་གིས་ཚོགས་འདུ་གཉིས་ཀྱི་ཡིག་ཆ་སློབ་སྦྱོང་བྱེད་བཞིན་ཡོད། འདི་ལོ་ནི་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་ཡིད་གཟབ་བྱེད་དགོས་པ་ནི་ཁྲིམས་ལྟར་རྒྱལ་སྐྱོང་བྱེད་ཚུལ་ལ་བདག་གིས་དོ་ཁུར་བྱེད་ཀྱི་ཡོད། གཞན་ཡང་འདི་ལོ་ནི་ཀྲུང་གོ་དང་ཐེ་ལན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་ལ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་རྩ་འཛུགས་བསྐྲུན་པའི་ལོ་ཞིག་ཀྱང་ཡིན་པས་ཀྲུང་གོས་གྲོས་འགོ་བཏོན་པ་དང་སྐུལ་སྤེལ་བྱེད་པའི“ལམ་གཅིག་ཁུལ་གཅིག”གི་འཐབ་ཇུས་བསམ་ཚུལ་དེ་ལོ་འདིའི་ནང་སྣུར་སྲིང་བྱས་ནས་བསྒྲུབ་རྒྱུ་དང་གཏིང་ཟབ་ལ་ཏན་ཏིག་ངང་སྤེལ་རྒྱུ་ཡིན་པས་ཐེ་ལན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་འཕྲད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།