འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བས་ལྷ་སར་ལོ་གསར་
    གྱི་རྣམ་པ་ལྷག་ཏུ་ལྡན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་25ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བས་ལྷ་སར་ལོ་གསར་
གྱི་རྣམ་པ་ལྷག་ཏུ་ལྡན་པ།
         མི་དམངས་དྲ་བའི་འཕྲིན། འདི་ལོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་མཉམ་དུ་འཁེལ་ཡོད་པས། དུས་ཆེན་གཉིས་འཆར་ཉེའི་སྐབས་ལྷ་སའི་ཁྲོམ་གཞུང་གི་ག་ས་གང་དུ་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ་ཅིང་། བར་སྐོར་ཚོང་ར་དང་ཁྲོམ་གཟིགས་སྒང་སོགས་སུ་ཁ་ཟས་དང་། ཤམ་བུ། ཕྱེ་མར། ཤིང་འབྲས། ལོ་གསར་མེ་ཏོག བོད་བཟོའི་ཁྲ་ཡོལ་སོགས་ཀྱི་ཉེར་མཁོ་སྣ་ཁ་མང་ཞིང་མ་ཚང་བ་མེད་པས་ལྟ་བས་མི་ངོམ་པར་སྣང་། གདོང་ལས་འཛུམ་མདངས་འཕྱུར་བའི་མི་གསུམ་ལྔ་མཉམ་དུ་ཉོ་ཆ་ཉོ་བར་འགྲོ་བ་དང་། ཚོང་པའི་སྐད་འབོད་ཀྱིས་ལོ་གསར་པའི་མཁོ་ཆས་ཉོ་མཁན་གྲོང་མི་དང་ཉེ་འཁོར་གྱི་ཞིང་འབྲོག་པའི་ཡིད་བཀུག་ནས་འཚང་ཁ་ཤིག་ཤིག་ངང་མཁོ་ཆས་ཉོ་བར་ཡོང་བས་གང་སར་སྤྲོ་སྣང་གིས་ཁེངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།