འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་གྱི་ཁྲིད་འཐེན་གློག་སྒྱུར་ཁང་གི་གློག་སྐྱེལ་བདེ་བླག་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་08ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་གྱི་ཁྲིད་འཐེན་གློག་སྒྱུར་ཁང་གི་གློག་སྐྱེལ་བདེ་བླག་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༦ཉིན་ཀྲུང་གོའི་ལྕགས་ལམ་གློག་ཤུགས་ཅན་ཀུང་སི་གསུམ་པ་སྐྲུན་འགན་ཁུར་བའི་ལན་ཤིན་ལྕགས་ལམ་འགྲུལ་སྐྱེལ་ཆེད་ལམ་ཀྱི་ཀན་ཁྲའེ་ཐན་གྱི་ཁྲིད་འཐེན་གློག་སྒྱུར་ཁང་གིས་གློག་སྐྱེལ་ཐེངས་མ་གཅིག་རང་ལ་ལེགས་གྲུབ་བྱུང་བ་དང་དཔྱད་གྲངས་སྣ་ཚོགས་ཀྱི་མངོན་ཚུལ་དང་སྒྲིག་ཆས་འཁོར་སྐྱོད་རྒྱུན་གཏན་ལྟར་བྱུང་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གློག་སྒྱུར་ཁང་དེ་མཚོ་སྔོན་ཞིང་ཆེན་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་དུ་ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༣༥༤༥ཟིན་ཞིང་། དེ་ནི་མིག་སྔར་རྒྱལ་ནང་དུ་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་ཁྲིད་འཐེན་གློག་སྒྱུར་ཁང་ཞིག་ཡིན་པ་རེད། ད་རེས་གློག་སྐྱེལ་ལེགས་གྲུབ་བྱུང་བ་དེས་ལན་ཤིན་འགྲུལ་སྐྱེལ་ཆེད་ལམ་ལ་དུས་ཐོག་ཏུ་མེ་འཁོར་ཤར་གཏོང་ཐུབ་ཆེད་རྨང་གཞི་ཡག་པོ་ཞིག་བཏིང་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།