འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།2014ལོའི་ཁ་ན་ཏའི་བོད་ལྗོངས་རིག་གནས་གཟའ་འཁོར་ཟླ་11པའི་ནང་གཟབ་རྒྱས་ངང་
    འགོ་ཚུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་02ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་ཁ་ན་ཏའི་ཀྲུང་གོའི་རིག་གནས་ཡར་སྐུལ་ཚོགས་པ་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི་༼2014ལོའི་ཁ་ན་ཏའི་བོད་ལྗོངས་རིག་གནས་གཟའ་འཁོར་༽ཟླ་11ཚེས་2ཉིན་ནས་ཚེས་15ཉིན་བར་ཁ་ན་ཏའི་ཝུན་ཀོ་ཧ་གྲོང་ཁྱེར་དང་། ཝོ་ཐའེ་ཧཱ་གྲོང་ཁྱེར། ཏོ་ལུང་ཏོ་གྲོང་ཁྱེར་སོགས་སུ་སྤེལ་རྒྱུ་ཡིན་ཞིང་། འདི་ནི་ཀྲུང་གོའི་སྲིད་གཞུང་གིས་ཁ་ན་ཏར་སྤེལ་བའི་བོད་ལྗོངས་རིག་གནས་གཟའ་འཁོར་ཐེངས་གཉིས་པ་རེད། 
         ངོ་སྤྲོད་ལྟར་ན། རིག་གནས་གཟའ་འཁོར་རིང་བོད་ཀྱི་རིག་རྩལ་དགོང་ཚོགས་དང་། ཐང་ག་དང་གློག་བརྙན་འགྲེམས་སྟོན། ཤེས་ལྡན་མི་སྣ་ཕན་ཚུན་དགོངས་འཆར་བརྗེ་རེས་སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས་ཡོད་པ་རེད།
         བོད་ལྗོངས་རིག་གནའ་གཟའ་འཁོར་ནི་བོད་ལྗོངས་བརྗོད་བྱ་གཙོ་བོར་བྱས་པའི་རིག་གནས་བྱེད་སྒོ་གལ་ཆེན་ཞིག་ཡིན་ཞིང་། 2001ལོ་ནས་བཟུང་སྔ་རྗེས་སུ་ཨོ་སི་ཁྲུ་ལི་ཡ་དང་། ནེའུ་ཙི་ལན། ཁ་ན་ཏ། པེར་ཀྲེམ། ཐེ་ལན། དབྱི་ཐ་ལི། ཏེན་མག  ཨོ་སི་ཁྲུ་རི་ཡ། ཨུ་རུ་སུ། སི་ཕེན། ཕོ་ལན། ཀྲུང་གོའི་ཤང་ཀང་སོགས་སུ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།