འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཞིང་འབྲོག་དུད་ཚང་བརྒྱ་ཆ་དགུ་བཅུ་ཡན་ལ་རླུང་འཕྲིན་བརྙན་འཕྲིན་
    གྱི“དུད་ཚང་ཀུན་ཁྱབ”འདུ་འགོད་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་02ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་འཚོགས་པའི་རྒྱལ་ཡོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གྱི་ཁ་གཏད་བོད་སྐྱོར་གྱི་སྦྲེལ་མཐུད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཞིང་འབྲོག་ཁུལ་དུ་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད་ཆེས་ཆེར་འཕར་ནས་མིག་སྔར་ཞིང་འབྲོག་དུད་ཚང་༩༠%ཡན་ལ་རླུང་འཕྲིན་བརྙན་འཕྲིན་གྱི“དུད་ཚང་ཀུན་ཁྱབ”འདུ་འགོད་མངོན་འགྱུར་བྱུང་ཡོད་པ་རེད།
         རླུང་འཕྲིན་བརྙན་འཕྲིན“དུད་ཚང་ཀུན་ཁྱབ”ནི་ཐག་རིང་ས་ཁུལ་གྱི་ཞིང་འབྲོག་པས་བརྙན་འཕྲིན་ལྟ་དཀའ་བ་དང་རླུང་འཕྲིན་ཉན་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད་བོད་ཀྱིས་ལག་ལེན་བསྟར་བའི་རིག་གནས་དམངས་ཕན་གྱི་འདུ་འགོད་ཅིག་རེད། ཞིང་འབྲོག་པར་རིན་མེད་ངང“དུད་ཚང་ཀུན་ཁྱབ”ཀྱི་རླུང་འཕྲིན་དང་བརྙན་འཕྲིན་སྲུང་སྐར་ཐོག་ནས་བསྡུ་ལེན་བྱེད་པའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་རོགས་བྱས་པས་ཞིང་འབྲོག་ཁུལ་གྱི་མི་སེར་གྱིས་སྤུས་ཚད་མཐོ་བའི་རླུང་འཕྲིན་དང་བརྙན་འཕྲིན་གྱི་ལེ་ཚན་ལྟ་ཉན་ཐུབ་ཡོད།
         ཉེ་བའི་ལོ་ཤས་རིང“དུད་ཚང་ཀུན་ཁྱབ”སོགས་རླུང་འཕྲིན་བརྙན་འཕྲིན་གྱི་རིག་གནས་དམངས་ཕན་འདུ་འགོད་ལག་ལེན་བསྟར་བ་བརྒྱུད། ༢༠༡༣ལོར་བོད་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་ལ་ཕྱོགས་བསྡུས་ཁྱབ་ཚད་༩༤.༤%དང་༩༥.༥%ཟིན་ནས་ཞིང་འབྲོག་པའི་རིག་གནས་འཚོ་བ་ཆ་རྐྱེན་ཞན་ཙམ་ཡིན་པའི་གནས་ཚུལ་ལ་འགྱུར་ལྡོག་ཤུགས་ཆེན་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།