འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་༨༨.༤༣བཏང་ནས་རིག་གནས་ཤུལ་
    བཞག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 08:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༢༨ཉིན་ནོར་སྲིད་པུས་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་༢༠༡༤ལོར་ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་སྤྲོད་གྲུབ་ཆ་མུ་མཐུད་ལེགས་སྒྲིག་ལེགས་གཏོང་བྱས་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོབ་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། འདི་ལོ་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར་༨༨.༤༣དངོས་སུ་བཏང་བ་དེ་༢༠༡༣ལོ་ལས་སྒོར་དུང་ཕྱུར་༡༡.༡འཕར་བ་དང་འཕར་ཚད་༡༤.༣༥%ཟིན་ཡོད་ཅེས་བཤད་པ་རེད།
         ནོར་སྲིད་པུའི་སློབ་གསོ་ཚན་རིག་གནས་སིས་ངོ་སྤྲོད་བྱས་པར་གཞིགས་ན། མ་དངུལ་དེ་གཙོ་བོ་ཕྱོགས་གསུམ་ཐད་སྤྱད་པའི་ནང་དངུལ་མང་ཤོས་སྒོར་དུང་ཕྱུར་༨༡.༣བཏང་ནས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་ཁ་གསབ་མ་དངུལ་དུ་བརྩིས་ཏེ་རིག་དངོས་༢༢༩༩སྲུང་སྐྱོབ་ཀྱི་རྣམ་གྲངས་ཐད་སྤྱད་པ་རེད། ་་་སྲུང་སྐྱོབ་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་བརྩི་བ། ལུགས་མཐུན་བེད་སྤྱོད་བྱེད་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ་་་བཅས་ཀྱི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་གཞིར་བཟུང་། ༢༠༡༤ལོར་ལྕགས་རི་རིང་པོ་དང་། མིས་བཟོས་གཙང་ཆེན། དར་གོས་ལམ་བུ་སོགས་འཛམ་གླིང་གི་རིག་གནས་ཤུལ་བཞག་དང་། ཁྲོན་སྐྱོད་ལམ་བུ་དང་། ཡོན་རྒྱལ་རབས་ཀྱི་རྒྱལ་ས། ཇ་རྟ་གནའ་ལམ་སོགས་ཀྱི་གནའ་ཤུལ། ཅི་མིང་ས་ཚུགས། བཀྲ་ཤིས་ལྷུན་པོ་དགོན། ཅིང་ཀང་ཧྲན་གྱི་གསར་བརྗེའི་ཤུལ་བཞག་སོགས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་བཅས་ཀྱི་ཉམས་གསོ་སྲུང་སྐྱོབ་དང་དེ་བཞིན་གནའ་རྫས་སྔོག་འདོན་དང་སྒུལ་སྐྱོད་ཐུབ་པའི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་སོགས་ཐད་གཙོ་བོ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།