འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་རིག་རྩལ་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་
    གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ཀྲུང་གོའི་རིག་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་དུང་བརྡ་གསར་པ་བསྒྲགས་པ་དང་གཡོར་གྲུ་གསར་པ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་རིག་རྩལ་ལས་དོན་པའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་རིག་རྩལ་གྱི“མི་དམངས་ལྟེ་བར་བྱེད་པའི”རྩ་བའི་ཁ་ཕྱོགས་རྒྱས་བཤད་གནང་བ་དང་རིག་རྩལ་གྱིས“ཀྲུང་གོའི་སྙིང་སྟོབས”དར་སྤེལ་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་གསལ་པོ་བཏོན་གནང་བ་དེའི་དོན་སྙིང་གཏིང་ཟབ་པ་དང་བློ་མུན་སེལ་བ་ཞིག་ཡོད་ཅེས་ཚང་མས་འཚང་ཁ་ཤིག་ཤིག་ངང་བཤད་པ་རེད།
         “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་ནི་རིག་རྩལ་ལས་རིཊ་ལ་བཀའ་བརྡ་གསར་པ་བཏང་བ་ཞིག་ཡིན་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་རིག་རྩལ་ལས་དོན་ལ་མཐོང་ཆེན་དང་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད”ཅེས་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཅུས་ཀྲང་ཝང་ཏེ་ལུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་བཤད་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གནང་རིང“རིག་རྩལ་གསར་རྩོམ་བྱེད་ཐབས་མང་པོ་ཡོད་མོད། འོན་ཀྱང་ཆེས་རྩ་བ་དང་། ཆེས་འགག་རྩ། ཆེས་བརྟན་པ་བཅས་ཀྱི་བྱེད་ཐབས་ནི་མི་དམངས་ལ་གཞི་ཚུགས་པ་དང་འཚོ་བར་གཞི་ཚུགས་རྒྱུ་དེ་རེད”ཅེས་བཏོན་གནང་བ་དེ་ཤུགས་དྲག་ཆེ་ལ་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་ཞིག་ཀྱང་ཡིན་པས་རྒྱ་ཆེའི་རིག་རྩལ་ལས་དོན་པར་སྐུལ་མ་ཐེབས་ཡོད།
         ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དབྱང་ཧྲོང་དབང་གིས“གོ་བདེ་ནི་ཐ་མལ་མ་ཡིན་པ་དང་སྲེད་ཞེན་གྱིས་རེ་བའི་ཚབ་བྱེད་མི་ཐུབ་ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་ཧ་ཅང་ཡག་པོ་གསུངས་ཡོད”“གང་ཞིག་ཡ་རབས་ཚུལ་མཐུན་གྱི་སྒྱུ་རྩལ་ཡིན། དེ་ནི་མི་དམངས་ལས་ཁ་བྲལ་བ་ཞིག་མིན་པར་དེ་ལས་ལྡོག་སྟེ་མི་དམངས་ལ་རིག་རྩལ་མཁོ་བ་དང་རིག་རྩལ་ནི་མི་དམངས་ལ་བརྟེན་དགོས་ཀྱི་ཡོད། དེར་བརྟེན་ད་ཆའི་རིག་རྩལ་ལས་དོན་པ་ཚང་མས་སེམས་ནང་མི་དམངས་བཅངས་ནས་སློབ་སྦྱོང་ཡག་པོ་དང་། བསམ་གཞིག་ཡག་པོ། ལག་ལེན་དངོས་ནང་ཞུགས་པ་བཅས་བྱས་ཏེ་རིག་རྩལ་ལས་དོན་དེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས”ཞེས་གསར་འགོད་པར་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།