འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་མངའ་རིས་ཀྱིས་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་60ལྷག་ཙམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་30ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་དུས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ནས་ཤེས་རྟོགས་བྱས་པར། འདི་ལོ་མངའ་རིས་སུ་མུ་མཐུད་འཛུགས་སྐྲུན་དང་གསར་སྐྲུན་རྣམ་གྲངས་༡༦༧ཡོད་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་༦༠.༥༣བཏང་ཞིང་། མིག་སྔར་ལས་འགོ་འཛུགས་རྒྱུའི་ཆ་རྐྱེན་འཛོམས་པའི་རྣམ་གྲངས་༡༡༢ཡོད་པར་མ་དངུལ་སྒོར་དུང་ཕྱུར་༣༡.༣༡བཏང་ཡོད་པ་རེད།
         ༢༠༡༤ལོར་འོས་དཔོད་ཟིན་པའི་གསར་སྐྲུན་རྣམ་གྲངས་༣༠ལ་མ་དངུལ་སྒོར་དུང་ཕྱུར་༡༡.༣༦བཏང་བ་དེའི་ནང་སེང་གེ་ཁ་འབབ་གྲོང་ཁུལ་དུམ་བུའི་ཆུ་ལམ་བཅོས་སྒྲིག་གི་ལེ་ལག་རྣམ་གྲངས་དང་རྡོ་དམར་ཤང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཚུད་ཡོད། མཆན་འགོད་བཀའ་ལན་ཐོབ་ནས་ཉེ་དུས་འོས་དཔོད་བྱེད་རྩིས་ཡོད་པའི་གསར་སྐྲུན་རྣམ་གྲངས་15ལ་མ་དངུལ་སྒོར་དུང་ཕྱུར་༢.༨༡གཏོང་རྒྱུ་དང་། བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་སྡོད་ཁང་སྐྱོ་ཁུལ་གྱི་སྒྱུར་བཀོད་དང་རྫོང་གསུམ་གྱི་ཆུ་མཁོ་འདོན་ལས་གྲྭ  མི་དམངས་སྨན་ཁང་གི་ཕྱོགས་བསྡུས་རྣམ་གྲངས་བཅས་ཟླ་༦པར་ལས་དོན་སྤེལ་རྒྱུ་ཡིན་པ་ཕུད་དེ་མིན་གྱི་རྣམ་གྲངས་ཟླ་༥པའི་ཟླ་དཀྱིལ་དུ་འོས་དཔོད་ལེགས་གྲུབ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།