འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དུ་ཁྲོན་བོད་གཞུང་ལམ་དྲན་གསོ་ཁང་འཛུགས་སྐྲུན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་21ཉིན། 08:44】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་སི་ཁྲོན་ལུའུ་ཏིང་རྫོང་རིག་དངོས་ཅུས་ནས་ཤེས་རྟོགས་ལྟར་ན། ཁྲོན་བོད་གཞུང་ལམ་ཤར་གཏོང་བྱས་ནས་ལོ་ངོ་60འཁོར་བའི་སྐབས་འདིར། ལུའུ་ཏིང་རྫོང་གིས་ཁྲོན་བོད་གཞུང་ལམ་ཐོག་གི་གཞུང་ལམ་དྲན་གསོ་ཁང་ཐོག་མ་སྟེ། ཨར་ལང་རི་བོའི་ཁྲོན་བོད་གཞུང་ལམ་དྲན་གསོ་ཁང་འཛུགས་སྐྲུན་བྱ་རྩིས་ཡོད་པ་རེད།
         ངོ་སྤྲོད་ལྟར་ན། དྲན་གསོ་ཁང་དུ་ཁྲོན་བོད་གཞུང་ལམ་སྐྲུན་སྐབས་ཀྱི་ལོ་རྒྱུས་དཔྱད་ཡིག་དང་། གོས་དར། གཟེངས་རྟགས། དྲན་གསོའི་རྟགས་མ། དེ་བཞིན་འཛུགས་སྐྲུན་དམག་མི་རྒན་གྲས་ཀྱི་ཁ་ཐོག་ཟིན་ཐོ་སོགས་དངོས་རྫས་142དང་། འདྲ་པར་300ལྷག་ཉར་ཚགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།