འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།>>སྲིད་དོན།

    ༄༅།།ལི་ཁེ་ཆང་དང་མའོ་ཁོའར་གཉིས་ཀྱིས་མཉམ་དུ་ཀྲུང་འཇར་སྲིད་གཞུང་བར་གྱི་གྲོས་མོལ་
    སྐོར་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་11ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ལི་ཁེ་ཆང་དང་མའོ་ཁོའར་གཉིས་ཀྱིས་མཉམ་དུ་ཀྲུང་འཇར་སྲིད་གཞུང་བར་གྱི་གྲོས་མོལ་
སྐོར་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།
        མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་༡༠ཚེས་༡༠ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པའོ་ལེན་ཙུང་ལིའི་བཞུགས་སྒར་དུ་འཇར་མན་གྱི་ཙུང་ལི་མའོ་ཁོའར་དང་མཉམ་དུ་ཀྲུང་འཇར་སྲིད་གཞུང་བར་གྱི་གྲོས་མོལ་སྐོར་ཐེངས་གསུམ་པ་གཙོ་སྐྱོང་གནང་། ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་པུའུ་ཀྲང་༢༦གྲོས་མོལ་ཚོགས་འདུར་ཞུགས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཕྱོགས་གཉིས་ཀའི་པུའུ་ཀྲང་རྣམས་ཀྱིས་རང་ཁྱབ་ཁོངས་སོ་སོའི་གནས་ཚུལ་གསལ་བཤད་བྱས་པར་གསན་རྗེས་གསུང་བཤད་གལ་ཆེན་གནང་བ་རེད།
         ལི་ཁེ་ཆང་གིས་གསུངས་དོན། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་སྟེང་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་གཉིས་ཡིན། འདི་ལོར་རྒྱལ་ཁབ་གཉིས་བར་སྒོ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པས་ཕྱོགས་གཉིས་ཀའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཡུན་རིང་རང་བཞིན་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད། ཀྲུང་འཇར་བར་གྱི་འབྲེལ་བ་ནི་ཉོ་ཚོང་ཁོ་ན་མ་ཡིན་པར་ཚད་རིམ་མཐོ་བའི་མཉམ་ལས་གཉིས་ཕན་གྱི་འབྲེལ་བ་ཡིན་ཕྱིར། མདུན་ལམ་ཧ་ཅང་རྒྱ་ཆེན་པོ་ཡོད། ཀྲུང་གོས་འཇར་མན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་བདེ་འཇགས་འཐབ་ཇུས་ཐད་གྲོས་མོལ་བྱས་ནས་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ལ་དགོངས་འཆར་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་སྐུལ་སྤེལ་གཏོང་འདོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།