འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་བོད་ཀྱི་གསོ་བ་རིག་པའི་སྨན་རྩྭ་ངོས་འཛིན་གྱི་འགྲན་བསྡུར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་25ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ།སྙིང་ལོ།)

     
    ༄༅།།བོད་ལྗོངས་སུ་བོད་ཀྱི་གསོ་བ་རིག་པའི་སྨན་རྩྭ་ངོས་འཛིན་གྱི་འགྲན་བསྡུར་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་བོད་རང་སྐྱོང་ལྗོངས་ཀྱི་སྐབས་ལྔ་བའི་བོད་སྨན་གྱི་སྨན་རྩྭ་ངོས་འཛིན་འགྲན་བསྡུར་ལྷ་ས་གྲོང་ཁྱེར་དུ་སྤེལ་ཞིང་། ཐེངས་འདིའི་བྱ་འགུལ་འདི་ནི་བོད་ལྗོངས་འཕྲོད་བསྟེན་འཆར་ལྡན་ཨུ་ལྷན་གྱིས་གཙོ་གཉེར་དང་བོད་ལྗོངས་བོད་སྨན་ཁང་གིས་རོགས་གཉེར་གནང་བ། བོད་སྨན་སློབ་གླིང་དང་བོད་སྨན་ཁང་སོགས་རུ་ཁག་11གི་མི་སྣ་44སྨན་རྩྭ་ངོས་འཛིན་གྱི་འགྲན་བསྡུར་ལ་ཞུགས་ཡོད་པ་དང༌། འགྲན་ཞུགས་མི་སྣ་ཚོས་སྨན་རྩྭའི་དབྱིབས་དང་ཁ་དོག  བྲོ་བ་སོགས་སྲོལ་རྒྱུན་གྱི་ངོས་འཛིན་ཐབས་ལམ་སྤྱད་དེ་སྨན་རྩྭ་རིགས་200ལྷག་ལ་ཡུལ་དངོས་ནས་ངོས་འཛིན་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་དགྲ་འདུལ་གྱིས“བོད་སྨན་ངོས་འཛིན་གྱི་འགྲན་བསྡུར་རྩ་འཛུགས་འདི་འདྲ་ཞིག་སྤེལ་བ་ནི། སྲོལ་རྒྱུན་གྱི་སྨན་རྩྭ་འཐུ་བ་དར་སྤེལ་དང་གཞུང་ལུགས་འཐུས་ཚང༌། དངོས་ཡོད་ལག་ལེན་ཐད་ལ་ཕན་ཁེ་ཆེན་པོ་ཞིག་ཡོད་”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།