འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཞོ་སྟོན་དུས་ཆེན་སྐབས་བོད་ལྗོངས་ཀྱིས་བགྲོད་ལམ་འགྲིམ་འགྲུལ་བདེ་སྲུང་ཁྲིམས་འཛིན་
    བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་25ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཞོ་སྟོན་དུས་ཆེན་སྐབས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཡོང་བར་བྱ་ཆེད། རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་འགྲིམ་འགྲུལ་ཉེན་རྟོག་པ་སྔར་ལས་མང་བ་བཀོད་སྒྲིག་བྱས་ནས་མཚན་མོར་ཞིབ་བཤེར་དང་ལམ་ངོས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིབ་བཤེར་ནན་པོ་དང་། དོ་དམ་ནན་པོ། ཆད་གཅོད་ནན་པོ། གནོན་ཤུགས་ཆེན་པོ་བཅས་བྱེད་ཐབས་མཐའ་འཁྱོངས་བྱས་ཏེ་མྱུར་ཚད་ལས་བརྒལ་བ་དང་། རླངས་འཁོར་ལ་སྡོད་མཁན་ཚད་ལས་བརྒལ་བ། ཆང་འཐུང་རྗེས་རླངས་འཁོར་གཏོང་བ། ཐང་ཆད་ཀྱང་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་ལས་འགལ་བའི་བྱ་སྤྱོད་མཐའ་དག་ལ་ཆད་པ་ནན་ཤོས་གཅོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།