འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་༢༠རིང་ཁ་གཏད་བོད་སྐྱོར་ལས་ཁུངས་ཁག་གིས་བོད་ལྗོངས་སུ་མ་དངུལ་སྒོར་
    དུང་ཕྱུར་༢༦༠བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་25ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་ལྗོངས་སུ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་༢༠འཁོར་བའི་རིང་གི་གྲུབ་འབྲས་ངོ་སྤྲོད་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ལོ་ངོ་༢༠རིང་ཁ་གཏད་བོད་སྐྱོར་བྱས་པའི་ལས་ཁུངས་ཁག་གིས་བོད་ལྗོངས་སུ་ཁྱོན་བསྡོམས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་༢༦༠བཏང་ནས་བོད་སྐྱོར་ལས་གཞི་༧༦༡༥དོན་འཁྱོལ་བྱས་པ་རེད། ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་འཚོགས་པ་ནས་བཟུང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་བོད་སྐྱོར་ལས་གཞི་༢༡༩༨དོན་འཁྱོལ་བྱས་པ་དང་། མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་༡༠༩ཟིན་པ་དེ་ལོ་༢༠རིང་གི་བོད་སྐྱོར་མ་དངུལ་གྱི་བཅུ་ཆའི་བཞི་ཙམ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།