འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཚོད་ལྟའི་ཁུལ་མཚོ་སྔོན་
    མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་21ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
    ༄༅།།རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཚོད་ལྟའི་ཁུལ་མཚོ་སྔོན་
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་པ།
        མི་དམངས་དྲ་བའི་འཕྲིན། ཉེ་ཆར་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཚོད་ལྟའི་ཁུལ་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་བཙུགས་ནས་སྒོ་བྱང་བཀལ་བ་རེད། དེ་ནི་མཚོ་སྔོན་གྱིས་རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཚོད་ལྟའི་ཁུལ་བཙུགས་རྗེས་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོབ་ཚོད་ལྟའི་ཁུལ་གཉིས་པ་རེད། ཚོད་ལྟའི་ཁུལ་དེས་མིག་སྔའི་གེ་སར་རིག་གནས་ཁྲོད་འཕྲད་པའི་སྒྱུ་རྩལ་པའི་རྒྱུན་ཆད་པ་དང་། སྒྱུ་རྩལ་པའི་འཚོ་བ་འགན་ལེན།སྒྱུ་རྩལ་པའི་དཔེ་སྐྲུན་དངོས་པོ་པར་སྐྲུན་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་རེ་ཡོད་པ་མ་ཟད། འབྲེལ་ཡོད་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གནའ་ཤུལ་སྲུང་སྐྱོབ་ལ་ཤུགས་སྣོན་ཐེབས་རྒྱུ་དང་། དེ་བཞིན་འབྲེལ་ཡོད་ཟློས་གར་དང་། མཛེས་རྩལ། ཞབས་བྲོ་སོགས་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ནས་གེ་སར་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་སྩོལ་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།