འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏེང་ཞའོ་ཕིན་སྐུ་འཁྲུངས་ནས་ལོ་ངོ་110འཁོར་བར་
    དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་21ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
    ༄༅།།ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཏེང་ཞའོ་ཕིན་སྐུ་འཁྲུངས་ནས་ལོ་ངོ་110འཁོར་བར་
དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་ཚོགས་ཁང་ཆེ་མོར་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བློ་མཐུན་ཏེང་ཞའོ་ཕིན་སྐུ་འཁྲུངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གནང་། ཞིས་ཅིན་ཕིང་གིས་བློ་མཐུན་ཏེང་ཞའོ་ཕིན་གྱིས་ང་ཚོར་འཆར་འགོད་གནང་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་བྱ་རྒྱུའི་དམིགས་འབེན་དེ་ཉིད་གོམ་པ་རིམ་བགྲོད་ཀྱིས་དོན་དངོས་སུ་འགྱུར་བཞིན་ཡོད་པ་དང་། ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་ཉིན་བཞིན་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་གོམ་སྟབས་རིམ་བགྲོད་ཀྱིས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཕྱོགས་སུ་སྐྱོད་བཞིན་ཡོད། དུས་རབས་ཉི་ཤུ་པའི་ནང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁ་རླབས་པོ་ཆེ་ཐོབ་པའི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་རབས་ཉེར་གཅིག་པའི་ནང་ཡང་བསྐྱར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁ་རླབས་པོ་ཆེ་སྔར་ལས་ལྷག་པར་འཐོབ་པར་བྱེད་ཐུབ་ངེས་ཡིན་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བློ་མཐུན་ཏེང་ཞའོ་ཕིན་གྱིས་སྐུ་ཚེ་ཧྲིལ་པོར་བཞག་གནང་བའི་མཛད་རྗེས་རླབས་པོ་ཆེ་དྲན་གསོ་གནང་བ་དང་།བློ་མཐུན་ཏེང་ཞའོ་ཕིན་གྱིས་རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་ཐད་ལ་མཛད་རྗེས་ཁྱད་འཕགས་བཞག་གནང་བ་ཕྱོགས་བསྡོམས་གནང་རྗེས་བློ་མཐུན་ཏེང་ཞའོ་ཕིན་གྱིས་ཀྲུང་ཧྭ་མི་རིགས་རང་བཙན་དང་།གྲ་རྒྱས་ཕུན་སུམ་ཚོགས་པ། འཕེལ་རྒྱས་བཅས་ཡོང་བ་དང་། ཀྲུང་གོའི་མི་དམངས་ལ་བཅིངས་འགྲོལ་དང་།  རང་དབང་།  བདེ་སྐྱིད་བཅས་འཐོབ་པར་གནང་ཕྱིར་དཔའ་ངར་ཆེན་པོས་འབད་འཐབ་གནང་བའི་མི་ཚེ་འོད་སྟོང་འབར་བ་དང་མཛད་རྗེས་རླབས་པོ་ཆེ་དུས་ནམ་ཡང་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོར་འཁོད་ངེས་ཡིན་པ་དང་། བློ་མཐུན་ཏེང་ཞའོ་ཕིན་སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་ཁྲོད་དུ་བཞུགས་ཡོད་ལ། སྔ་ཕྱི་བར་གསུམ་དུ་མི་དམངས་ཀྱི་སེམས་ལའང་བཞུགས་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།