འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་17ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

མཉམ་དུ་རིམས་ནད་ལ་འཐབ་པ།
མཉམ་དུ་རིམས་ནད་ལ་འཐབ་པ། 
     ཟླ་3ཚེས་12ཉིན། དབྱི་ཐ་ལིའི་རྒྱལ་ས་རོ་མར་དབྱི་ཐ་ལིའི་རྒྱ་གྲམ་དམར་རྟགས་ཚོགས་པའི་ཀྲུའུ་ཞི་ལུའོ་ཁཱ(རྒྱབ་གྲལ་གཡས་ཀྱི་དྲུག་པ)ཡིས་ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་པའི་ཚོགས་ཆུང་དང་བཅས་པའི་མི་9དང་མཉམ་པར་བརྒྱབ་པ། ས་གནས་དེ་གའི་དུས་ཚོད་ཚེས་12ཉིན་གྱི་དགོང་མོ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་རྒྱ་གྲམ་དམར་རྟགས་ཚོགས་པས་མཉམ་དུ་བཙུགས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་པའི་ཚོགས་ཆུང་དང་བཅས་པའི་མི་9དབྱི་ཐ་ལིའི་རྒྱལ་ས་རོ་མར་འབྱོར་བ་དང་འབྲེལ་ཀྲུང་གོ་ཕྱོགས་ཀྱིས་ཞལ་འདེབས་ཕུལ་བའི་སྨན་བཅོས་དངོས་རྫས་ཁག་ཅིག་ཀྱང་འཁྱེར་ཡོད་པ་རེད།
【1】  【2】  【3】  【4】
གནས་སྐབས་ཚོང་གཉེར་མཚམས་འཇོག་པ།
འདི་ནི་ཟླ་3ཚེས་14ཉིན་པེར་ཀྲེམ་གྱི་པུ་རུ་སེར་དུ་པར་བླངས་པའི་སྒོ་བརྒྱབ་པའི་ཟ་ཁང་ཞིག་གི་བརྡ་ཐོ་ཡིན། ཚེས་13ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མིག་སྔར་ཡོ་རོབ་ཀྱི་སྙན་ཞུའི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པ་དང་ཚེ་འདས་ནད་དཔེ་ཀྲུང་གོ་ཕུད་པའི་རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་བསྡོམས་འབོར་ལས་བརྒལ་བས། ཡོ་རོབ་ནི་ཏོག་གསར་གློ་ཚད“དར་ཁྱབ་ཆེན་པོའི”ལྟེ་གནས་སུ་གྱུར་ཡོད་ཅེས་བཤད་པ་རེད།