འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་17ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

བཞུ་གཅོད།
བཞུ་གཅོད།
     ཟླ་3ཚེས་9ཉིན། ཨ་རིའི་ཉིའུ་ཡོའུ་དངུལ་འཛིན་ཉོ་ཚོང་ཁང་དུ་གློག་རྡུལ་བརྙན་ཤེལ་ཐོག་ཉིན་དེའི་ཉོ་ཚོང་གནས་ཚུལ་ཤར་ཡོད། ཨ་རིའི་ཉིའུ་ཡོའུ་ཡི་མ་རྐང་ཁྲོམ་ར་ཚེས་9ཉིན་སྒོ་ཕྱེ་དུས་ཆེས་ཆེར་ཆག་པ་དང་། དེ་རྗེས་ལྷུང་ཚད་7%ལ་སླེབས་ནས་བཞུ་གཅོད་ལམ་སྲོལ་ལ་ཐུག་པ་རེད། ཚེས་9ཉིན་གྱི་རྗེས་སུ་ཚེས་12ཉིན་སླར་ཡང་བཞུ་གཅོད་ལམ་སྲོལ་ལ་ཐུག་ཡོད།
【1】  【2】  【3】  【4】
“མེད་པར་གྱུར་ཅིག མཚན་མོ།”
ཟླ་3ཚེས་13ཉིན། ཀྲུང་གོའི་སྨན་བཅོས་དངོས་ཟོག་པེར་ཀྲེམ་ལེ་རི་གནམ་ཐང་དུ་དངོས་ཟོག་འབེབས་རྒྱུར་སྒུག་ཡོད། དངོས་ཟོག་གི་ཕྱི་ཐུམ་ཐོག་གྲགས་ཅན་གླུ་གར《ཐུའུ་ལན་ཏོ》ཁྲོད་ཀྱི་གྱེར་དབྱངས་ཤིག་གི་གཞས་ཚིག་དང་དབྱངས་རྟགས་ཏེ“མེད་པར་གྱུར་ཅིག མཚན་མོ། སྐྱ་རེངས་ཤར་དུས་ང་ཚོར་རྒྱལ་ཁ་ཐོབ་རྒྱུ་རེད”ཅེས་བྲིས་ཡོད།  ཚེས་13ཉིན་གྱི་དགོང་མོར་ཀྲུང་གོའི་སྨན་བཅོས་དངོས་ཟོག་དབོར་འདྲེན་བྱེད་མཁན་གནམ་གྲུ་པེར་ཀྲེམ་ལེ་རི་གནམ་ཐང་དུ་བབས་པ་རེད། སྨན་བཅོས་དངོས་རྫས་དེ་དག་ཡོ་རོབ་རྒྱལ་ཁབ་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་པའི་ཐད་སྤྱོད་རྒྱུ་ཡིན་པ་རེད།