འཚོལ་བཤེར།   
藏文频道
2020ལོའི་ཟླ་3ཚེས་17ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འཕུར་མཚམས་འཇོག་པ།
འཕུར་མཚམས་འཇོག་པ།
     འདི་ནི་ཟླ་3ཚེས་10ཉིན་ཨ་རིའི་ཝུར་ཅི་ཉི་ཡ་མངའ་སྡེ་ཨ་ལིང་ཏུན་ནས་པར་བླངས་པའི་ཝ་ཧྲིང་ཐོན་གྱི་ལི་ཀེན་རྒྱལ་ཁབ་གནམ་ཐང་དུ་འབབ་རྒྱུ་ཡིན་བའི་གནམ་གྲུ་ཡིན། ཟླ་3ཚེས་11ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཨ་རིར་མཆེད་རྒྱུ་སྔོན་འགོག་བྱ་ཆེད། ཚེས་13ཉིན་ནས་བཟུང་ཨ་རིས་དབྱིན་ཇི་ཕུད་པའི་ཡོ་རོབ་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མ་ཨ་རིར་ཡུལ་སྐོར་དུ་སྐྱོད་མཚམས་འཇོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། བྱེད་ཐབས་དེའི་དུས་ཡུན་ནི་ཉིན་30ཡིན།
【1】  【2】  【3】  【4】
འཇར་པན་གྱི་རིམས་ནད།
ཟླ་3ཚེས་12ཉིན་འཇར་པན་གྱི་ཐོ་ཁེའོ་རུ་ཁ་རས་བརྒྱབ་པའི་སྐྱེས་པ་ཞིག་2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཐང་གཙོ་བོའི་ཉེ་འགྲམ་གྱི་ཨ་ལོང་ལྔའི་མཚོན་རྟགས་མདུན་དུ་འགྲོ་བཞིན་པ། འཇར་པན་རླུང་འཕྲིན་མཐུན་ཚོགས(NHK)ཀྱི་བརྙན་འཕྲིན་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་ཆུ་ཚོད་23དང་སྐར་མ་30བར།(པེ་ཅིང་གི་དུས་ཚོད་ཚེས་14ཉིན་གྱི་ཆུ་ཚོད་22དང་སྐར་མ་30བར)འཇར་པན་རྒྱལ་ནང་གི་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་786བར་མང་དུ་ཕྱིན་ཡོད་པ་རེད།