འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་12ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་12ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ལྟོ་ཡག་པོ་བཟས་ནས་མྱུར་དུ་ལོན་ཤོག
ལྟོ་ཡག་པོ་བཟས་ནས་མྱུར་དུ་ལོན་ཤོག
     ཚེས་9ཉིན། པེར་ཀྲེམ་གྱི་པུའུ་ལུའེ་རེ་ལའེ་ཐེ་ལྷ་ཡུལ་སྲོག་ཆགས་གླིང་གིས་པེར་ཀྲེམ་དུ་སྡོད་པའི་ཀྲུང་གོའི་དོམ་ཁྲ“ཧོ་་ཧོ་”ལ་ཚེས་8ཉིན་དོམ་ཕྲུག་མཚེ་ཁྲ་གཅིག་སྐྱེས་པ་དང་། མིག་སྔའི་བར་དོམ་ཁྲ་“ཧོ་ཧོ”དང་ཕྲུ་གུའི་གཟུགས་པོའི་ཚད་གཞི་ཁག་རྒྱུན་གཏན་ལྟར་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། 2014ལོའི་ཟླ་2ཚེས་23ཉིན། དོམ་ཁྲ་“ཤིང་ཧའེ”དང“ཧོ་ཧོ་”གཉིས་ཀྲུང་པེར་གྱི་མཛའ་གྲོགས་ཕོ་ཉའི་ངོས་ནས་པེར་ཀྲེམ་དུ་འབྱོར། 2016ལོའི་ཟླ་6ཚེས་1ཉིན། དོམ་ཁྲ“ཧོ་ཧོ་”ལ་པེར་ཀྲེམ་དུ་དོམ་ཕྲུག་ཕོ་“ཐན་སྤའོ”སྐྱེས་པ་རེད། འཚེ་མ་འདི་གཉིས་སྐྱེས་པ་དང་བསྟུན་ནས། མིག་སྔར་པེར་ཀྲེམ་དུ་འཚོ་བའི་དོམ་ཁྲའི་གྲངས་འབོར་དེ་ལྔ་བར་མང་དུ་ཕྱིན་ཡོད་པ་རེད།
【1】  【2】  【3】  【4】  【5】  【6】
ཁ་སང་སླར་མངོན་བྱེད་པ།
1969ལོའི་ཟླ་8ཚེས་8ཉིན་གྱི་སྔ་དྲོ། དབྱིན་ཇིའི་ཡོའུ་ཀོན་རོལ་དབྱངས་རུ་ཁག་ཕེ་ཐོའུ་ཧྲི་རོལ་དབྱངས་རུ་ཁག་གིས་ལོན་ཏོན་གྱི་ཨའེ་པི་ལམ་དུ《ཨའེ་པི་ལམ》ཞེས་པའི་ཆེད་སྒྲིག་གི་མདུན་ཤོག་པར་རིས་པར་ལེན་བྱས་ལ། པར་རིས་ནི་རོལ་དབྱངས་རུ་ཁག་གི་ཁོངས་མི་བཞི་ཁྲ་ཐིག་ལམ་དུ་སྐྱོད་སྐབས་ཟུར་ངོས་ནས་བརྒྱབ་པའི་པར་ཞིག་ཡིན། མདུན་ཤོག་པར་རིས་དེ་སྔར་ནས་ད་བར་གཞས་ལ་དགའ་མཁན་མང་པོས་ལད་མོ་བྱེད་ཀྱི་ཡོད་པ་དང་། པར་ནང་གི་ལམ་མདོ་དེའང་ཕེ་ཐུའོ་ཧྲི་རོལ་དབྱངས་ཚོགས་པར་དགའ་པོ་བྱེད་མཁན་ཚོའི་སེམས་ནང་གི་གནས་མཆོག་ཏུ་གྱུར་ཡོད།