འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་12ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་12ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཏི་ཏི་ཕྱིར་སྐྱོད་ཀྱིས་ཆི་ལིའི་རྒྱལ་སར་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ།
ཏི་ཏི་ཕྱིར་སྐྱོད་ཀྱིས་ཆི་ལིའི་རྒྱལ་སར་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ།
     ཚེས་6ཉིན། ཀྲུང་གོའི་གཅིག་འཐུས་རྣམ་པའི་སྒུལ་བདེའི་འགྲིམ་འགྲུལ་སྟེགས་བུ་ཏི་ཏི་ཕྱིར་སྐྱོད་ཀྱིས་ཆི་ལིའི་རྒྱལ་ས་སན་ཐེ་ཨ་ཀོར་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ་རེད། ད་ལོའི་ཟླ་4པར། ཆི་ལིའི་ཙུང་ཐུང་ཕི་ཉེ་ལ་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་སྐབས། ཏི་ཏིའི་པེ་ཅིང་སྤྱི་ཁྱབ་པུའུ་རུ་འཚམས་འདྲིར་ཕེབས་པ་རེད། ཕི་ཉེ་ལ་ཡིས་ཏི་ཏི་ཆི་ལིར་འཕེལ་རྒྱས་གཏོང་བར་དགའ་བསུ་ཞུས་པ་དང་། ཆི་ལིའི་འགྲིམ་འགྲུལ་ཕྱོགས་སྒྱུར་རྣམ་གྲངས་ནང་ཞུགས་ནས་ཆི་ལིའི་རིག་ལྡན་གྲོང་ཁྱེར་དང་འགྲིམ་འགྲུལ་གློག་ཤུགས་ཅན་དུ་འགྱུར་བའི་དམིགས་ཚད་འགྲུབ་རྒྱུར་རོགས་རམ་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
【1】  【2】  【3】  【4】  【5】  【6】
ཨེར་ཕ་སུའོ་རུ་མྱ་ངན་ཞུས་པ།
ཨ་རིའི་ཏེ་ཁེ་ས་སི་ཁུལ་གྱི་ནུབ་རྒྱུད་ཨེར་ཕ་སུའོ་གྲོང་ཁྱེར་གྱི་ཝོར་མ་སྒོ་རྩིས་ཚོང་ཁང་ཞིག་ཏུ་ཚེས་3ཉིན་གྱི་སྔ་དྲོ་མེ་མདའ་བརྒྱབ་པའི་ཐོལ་བྱུང་དོན་རྐྱེན་ཐོན་ནས་མི་22རྐྱེན་ལམ་དུ་ཤོར་བ་དང་མི་20ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།