འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་5ཉིན།

༄༅༎གཟའ་འཁོར་གཅིག་རིང་གི་རྒྱལ་སྤྱིའི་གསར་འགྱུར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་05ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འཇའ་ཚོན་སྣ་ལྔ། ཟླ་8ཚེས་2ཉིན། ན་སྨི་པི་ཡ་ཝོར་ཝུའེ་སི་མཚོ་ཁུག་གི་དོས་སྒམ་གྲུ་ཁ་གསར་པའི་ལས་མཇུག་འགྲིལ་བའི་མཛད་སྒོའི་ཐོག མེ་གསོད་གྲུ་གཟིངས་ཀྱིས“ཆུ་སྒོ”བཟོས་ནས་རྟེན་འབྲེལ་ཞུས་པ་རེད། ཝོར་ཝུའེ་སི་མཚོ་ཁུག་གྲུ་ཁ་ནི་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་ཁབ་ན་སྨི་པི་ཡའི་གྲུ་ཁ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་འཁུར་བའི་དོས་སྒམ་གྲུ་ཁ་གསར་པ་དེ་རྒྱ་མཚོ་བརྒྱངས་ནས་གྲུབ་པའི་ས་གཞི་སྤྱི་ཆིང་40ཡི་ཐོག་བསྐྲུན་ཡོད། གྲུ་ཁ་གསར་པ་ལས་མཇུག་འགྲིལ་བས་དོས་སྒམ་འདྲེན་འཇུག་བྱེད་ནུས་དེ་ལོ་རེའི་ཁྲི་35ནས་ཁྲི་75རུ་འཕར་ཡོད།

【1】  【2】  【3】  【4】  【5】  【6】  【7】  【8】
གསེར་ཁྲི་མངའ་གསོལ། ཟླ་7ཚེས་30ཉིན། མ་ལེ་ཞི་ཡའི་ཅི་ལུང་ཕོ་རུ་མ་ལེ་ཞི་ཡའི་སྐབས་16པའི་གཙོ་བདག་ཨབ་ཏུའུ་ལ(གཡོན)ཡི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་སྤེལ་བ་རེད། ཉིན་དེར་མ་ལེ་ཞི་ཡའི་སྐབས་16པའི་གཙོ་བདག་ཨབ་ཏུའུ་ལ་དངོས་སུ་ཁྲི་ཁར་བཀོད་པ་རེད།