མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་དང་ཉེན་རྟོག་དཔོན་པོའི་གོ་རྟགས་གནང་བའི་མཛད་སྒོ་སྤེལ་ལ། 
ཞི་ཅིན་ཕིང་གིས་གོ་རྟགས་སྤར་བའི་དམག་དཔོན་དང་ཉེན་རྟོག་དཔོན་པོར་བཀའ་རྒྱ་ལག་ཁྱེར་
གནང་པ་དང་སྦྲགས་རྟེན་འབྲེལ་ཞུས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་01ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་7ཚེས་31ཉིན། ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་གི་བརྒྱད་གཅིག་ཐོག་ཁང་ཆེན་མོར་སྤེལ་པ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་དང་ཉེན་རྟོག་དཔོན་པོའི་གོ་གནས་ཐོབ་པའི་དམག་དཔོན་དང་ཉེན་རྟོག་དཔོན་པོར་བཀའ་རྒྱ་ལག་ཁྱེར་གནང་བ་རེད། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་དང་ཉེན་རྟོག་དཔོན་དང་མཉམ་དུ་པར་བསྐྱོན་པའི་རྣམ་པ་ཡིན་པ།

ཟླ་7ཚེས་31ཉིན། ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་གི་བརྒྱད་གཅིག་ཐོག་ཁང་ཆེན་མོར་སྤེལ་པ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་དང་ཉེན་རྟོག་དཔོན་པོའི་གོ་གནས་ཐོབ་པའི་དམག་དཔོན་དང་ཉེན་རྟོག་དཔོན་པོར་བཀའ་རྒྱ་ལག་ཁྱེར་གནང་བ་རེད། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་དང་ཉེན་རྟོག་དཔོན་དང་མཉམ་དུ་པར་བསྐྱོན་པའི་རྣམ་པ་ཡིན་པ།

     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་31ཉིན་། ཀྲུང་དབྱང་དམག་ཨུས་ཧྲང་ཅང་དམག་དཔོན་དང་ཉེན་རྟོག་དཔོན་པོའི་གོ་རྟགས་གནང་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོར་སྤེལ་པ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་དང་ཉེན་རྟོག་དཔོན་པོའི་གོ་གནས་ཐོབ་པའི་དམག་དཔོན་དང་ཉེན་རྟོག་དཔོན་པོར་བཀའ་རྒྱ་ལག་ཁྱེར་གནང་བ་རེད།
     སྔ་དྲོའི་ཆུ་ཚོད་11དང་སྐར་མ་40ཙམ་ལ། གོ་རྟགས་གནང་བའི་མཛད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་པ་རེད། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་དང་ཉེན་རྟོག་དཔོན་པོའི་གོ་རྟགས་གནང་བའི་བཀའ་རྒྱ་སྒྲོག་སྦྱངས་བྱས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་གནང་བའི་མཛད་སྒོ་གཙོ་སྐྱོང་བྱས་པ་རེད། 
     ད་ཐེངས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་དང་ཉེན་རྟོག་དཔོན་པོ་ནི་དམག་ཨུ་གོ་མཚོན་དར་སྤེལ་པུའི་པུའུ་ཀྲང་ལི་ཧྲང་ཕུའུ་དང་། ལྷོ་རྒྱུད་དམག་འཐབ་ཁུལ་གྱི་དམག་སྤྱི་ཡོན་ཧུའེ་པའེ། ནུབ་རྒྱུད་དམག་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝུའུ་ཧྲེ་ཀྲོའུ། བྱང་རྒྱུད་དམག་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཧྥན་ཆི་ཅུན། དབུས་རྒྱུད་དམག་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཀྲུའུ་ཧྲེང་ལིང་། མཚོ་དམག་གི་དམག་སྤྱི་ཧྲེན་ཅིན་ལུང་། མཚོ་དམག་གི་ཆབ་སྲིད་ཨུ་ཡོན་ཆིན་ཧྲེང་ཞང་། མཁའ་དམག་གི་དམག་སྤྱི་ཏིང་ལའེ་ཧང་། རྒྱལ་སྲུང་སློབ་ཆེན་གྱི་སློབ་སྤྱི་ཀྲེང་ཧོ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་ཨན་ཀྲའོ་ཆིང་བཅས་ཡིན། 
     ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་དང་། ཉེན་རྟོག་དཔོན་པོ་དམག་ཉམས་དོད་ལ་གྲལ་འགྲིག་པ་དང་། སྙིང་སྟོབས་ཆེར་བསྐྱེད་ངང་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཡོང་ལ། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་རྒྱ་ལག་ཁྱེར་གནང་བ་དང་སྦྲགས་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་རྟེན་འབྲེལ་ཞུས་བ་རེད། ཧྲང་ཅང་དམག་དཔོན་དང་ཉེན་རྟོག་དཔོན་པོའི་ཕྲག་རྟགས་འདོགས་པའི་དམག་དཔོན་དང་ཉེན་རྟོག་དཔོན་པོ10ཡིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་མཁན་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པས། ཚོགས་ཁང་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། 
     གོ་རྟགས་སྤྲོད་པའི་མཛད་སྒོ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་མཇུག་འགྲིལ་བ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་དང་ཉེན་རྟོག་དཔོན་དང་མཉམ་དུ་པར་བསྐྱོན་པ་རེད། 
     ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་དེ་བཞིན་དམག་ཨུ་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགོ་ཁྲིད་དང་། པེ་ཅིང་དུ་བཅའ་སྡོད་བྱེད་པའི་སྡེ་ཚན་ཆེ་གྲས་ཀྱི་འཐབ་ཁུལ་གཞོན་པ་ཡན་གྱི་འགོ་ཁྲིད་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། 

  
style="display:none;"