མི་དམངས་དྲ་བ།

༄༅༎དབང་དབྱང་གིས་མི་རིགས་དང་ཆོས་ལུགས་ཀྱི་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཏན་ཏིག་
བསྒྲུབས་ནས་བོད་རིགས་ས་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་19ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་7ཚེས་16ཉིན་ནས་ཚེས་17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་བ་རེད། འདི་ནི་ཟླ་7ཚེས་16ཉིན་དབང་དབྱང་གིས་ཡུལ་ཤུལ་གྲོང་ཁྱེར(ཞིང་ཆེན་རིམ་པ)གྱི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

ཟླ་7ཚེས་16ཉིན་ནས་ཚེས་17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་བ་རེད། འདི་ནི་ཟླ་7ཚེས་16ཉིན་དབང་དབྱང་གིས་ཡུལ་ཤུལ་གྲོང་ཁྱེར(ཞིང་ཆེན་རིམ་པ)གྱི་དབུལ་སྐྱོར་ཐོན་ལས་གླིང་ཁུལ་དུ་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

       མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཧུར་བརྩོན་དང་བརྟན་པོའི་ངང་མི་རིགས་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པ། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་བརྟན་ལྷིང་འཆམ་མཐུན་དང་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་16ནས་17ཉིན་བར། དབང་དབྱང་སྔ་རྗེས་སུ་ཡུལ་ཤུལ་དང་ཟི་ལིང་སོགས་སུ་ཕེབས་ནས། དབུལ་སྐྱོར་ཐོན་ལས་གླིང་ཁུལ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་འགོ་ལ་གསན་པ་རེད། དབང་དབྱང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་མི་རིགས་ཆོས་ལུགས་དང་། དབུལ་སྒྲོལ་འགག་སྒྲོལ་སོགས་ཐད་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་དང་། མངོན་གསལ་དོད་པོས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། འགག་རྩའི་ལྷུ་ཚིགས་དམ་འཛིན་བྱེད་པ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མངའ་ཁོངས་ཕྱིའི་སྟོབས་ཤུགས་སིམ་འཛུལ་བྱེད་པར་བཀག་འགོག་བྱེད་པའི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་སྲུང་དགོས་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་དང་ཆོས་ལུགས་ལས་རིགས་ཀྱིས་རང་གིས་རང་ལ་དོ་དམ་བྱེད་པའི་ཐབས་ཤེས་གཉིས་མཉམ་དུ་སྤྱོད་པ་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་ཚོགས་པ་དང་མི་དྲག་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། སྡོམ་པ་དམ་པར་འཛིན་པ་དང་། སློབ་སྦྱོང་དང་སྒོམ་སྒྲུབ་མཉམ་དུ་འཛིན་པ། དད་མོས་ཡང་དག་དང་བྱ་སྤྱོད་ཡང་དག་པའི་ནང་ཁུལ་གྱི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། མི་རིགས་ཁག་ས་ཁོངས་ལས་བརྒལ་ནས་འགྲོ་འོང་བྱེད་པའི་གནས་བབ་གསར་པ་དང་འཚམ་པར་བྱེད་དགོས་པ་དང་། མི་རིགས་ལས་དོན་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། མི་རིགས་ཁག་མཉམ་སྡོད་དང་། མཉམ་སློབ། མཉམ་ལས། མཉམ་སྐྱིད་བཅས་ཀྱི་ཆ་རྐྱེན་ཧུར་ཐག་གིས་བསྐྲུན་ནས། ཁྱབ་ཁོངས་དེ་བས་ཆེ་བ་དང་། ས་ཁོངས་དེ་བས་ཆེ་བ། རིམ་པ་དེ་བས་ཟབ་པའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཐུབ་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཉམས་མྱོང་གསར་པ་སྔར་བས་མང་བ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཞེས་གསུངས། 
     དབང་དབྱང་གིས་བོད་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ནི་དཔལ་འབྱོར་ལས་དོན་ཞིག་ཡིན་ལ་ཆབ་སྲིད་ལས་དོན་ཞིག་ཀྱང་ཡིན། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། སློབ་མཚམས་འཇོག་པར་ཚོད་འཛིན་བྱེད་པ་དང་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། འཐུང་ཆུའི་བདེ་འཇགས་དང་། སྡོད་ཁང་བདེ་འཇགས། ཡུལ་ནད་འགོག་བཅོས་སོགས་ཐད་ཀྱི་ཞན་ཆ་གསབ་ནས་ཞབས་མི་འདྲེན་པ་དང་ཁུག་ཀྱོག་མེད་པར་བཟོ་དགོས། འབྲི་གཡག་དང་། ནས། ས་མཐོའི་ཡུལ་སྐོར། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས། འཛད་སྤྱོད་དབུལ་སྐྱོར་དང་། ཁྲོམ་རའི་བར་མཐོངས་གཏོད་པ། རང་ཉིད་ལེགས་སྒྲིག་གི་ནུས་པ་ཆེ་རུ་བཏང་ནས་དབུལ་སྒྲོལ་གྱི་བརྟན་པོའི་རང་བཞིན་མཐོ་རུ་གཏོང་དགོས། སྣོད་བཅུད་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་སྣོད་བཅུད་སྲུང་སྐྱོབ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། སྣོད་བཅུད་བདེ་འཇགས་ཀྱི་དམར་ཐིག་སྟངས་འཛིན་ནན་པོ་བྱས་ཏེ་དཔལ་འབྱོར་དང་ཐོན་ཁུངས་ཁོར་ཡུག་ཕན་ཚུན་མཐུན་སྦྱོར་གྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་དང་གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་ལས་བརྩོན་ཕྱུག་འགྱུར་དང་གཟི་བརྗིད་ལྡན་པའི་ངང་དབུལ་སྒྲོལ་བྱེད་པའི་རྣམ་པ་ཞིག་གཏོད་དགོས། 
     མཚོ་སྔོན་དུ་སྡོད་རིང་། དབང་དབྱང་གིས་ད་དུང་ཡུལ་ཤུལ་ཁུལ་ཡོམ་འགོག་གེགས་སེལ་དྲན་གསོ་ཁང་དུ་ལྟ་སྐོར་གནང་བ་དང་། ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་ལ་འཚམས་འདྲི་གནང་བ་རེད།

ཟླ་7ཚེས་16ཉིན་ནས་ཚེས་17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་བ་རེད། འདི་ནི་ཟླ་7ཚེས་17ཉིན་དབང་དབྱང་གིས་སྐུ་འབུམ་བྱམས་པ་གླིང་དུ་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པའི་གནས་ཚུལ་ཡིན་པ།
ཟླ་7ཚེས་16ཉིན་ནས་ཚེས་17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མཚོ་སྔོན་དུ་བརྟག་ཞིབ་གནང་བ་རེད། འདི་ནི་ཟླ་7ཚེས་17ཉིན་དབང་དབྱང་གིས་སྐུ་འབུམ་བྱམས་པ་གླིང་དུ་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པའི་གནས་ཚུལ་ཡིན་པ།

  
style="display:none;"