འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་30ཉིན།

༄༅།།བློ་མཐུན་ལི་ཕེང་གི་སྐུ་པུར་པེ་ཅིང་པཱ་པའོ་ཧྲན་ནས་ཞུགས་འབུལ་བྱས་ཤིང་ཞི་ཅིན་ཕིང་སོགས་སྐྱེལ་
མར་ཕེབས། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་30ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བློ་མཐུན་ལི་ཕེང་གི་སྐུ་པུར་པེ་ཅིང་པཱ་པའོ་ཧྲན་ནས་ཞུགས་འབུལ་བྱས་ཤིང་ཞི་ཅིན་ཕིང་སོགས་སྐྱེལ་
མར་ཕེབས།
     མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་29ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཉམས་སད་ཡུན་རིང་ཐེག་ཅིང་ལྷག་བསམ་ཟོལ་མེད་ཀྱི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཕུལ་བྱུང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་བཅུ་གཉིས་པའི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པ་དང་། བཅུ་བཞི་པ། བཅོ་ལྔ་པའི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཟུར་པ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ལི་ཕེང་གི་སྐུ་པུར་ཚེས་29ཉིན་པེ་ཅིང་པཱ་པའོ་ཧྲན་གསར་བརྗེ་སྤྱི་པའི་དུར་ཁྲོད་དུ་ཞུགས་འབུལ་བྱས་པ་རེད།
    བློ་མཐུན་ལི་ཕེང་ནི་སྐུ་སྙུང་རྐྱེན་པས་2019ལོའི་ཟླ་7ཚེས་22ཉིན་གྱི་ཆུ་ཚོད་23དང་སྐར་མ་11ཐོག་པེ་ཅིང་དུ་སྐུ་གཤེགས་ཤིང་། གཤེགས་དུས་དགུང་ལོ་91ཟིན་ཡོད། བློ་མཐུན་ལི་ཕེང་སྐུ་སྙུངསྐབས་དང་སྐུ་གཤེགས་རྗེས་སུ། བློ་མཐུན་ཞི་ཅིན་ཕིང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་ལྟ་བར་ཕེབས་པའམ་ཡང་ན་རྣམ་པ་རིགས་འདྲ་མིན་ལམ་ནས་བློ་མཐུན་ལི་ཕེང་སྐུ་གཤེགས་པ་ལ་མྱ་ངན་ཞུས་པ་མ་ཟད། གཉེན་ཉེ་ལ་འཚམས་འདྲི་གནང་ཡོད། 
    ཚེས་29ཉིན་གྱི་སྔ་དྲོ། པཱ་པའོ་ཧྲན་གསར་བརྗེ་སྤྱི་པའི་དུར་ཁྲོད་ཀྱི་ཚོམས་ཆེན་དུ་གཟི་ཉམས་ལྡན་ཞིང་མྱ་ངན་ཞུ་བའི་རོལ་དབྱངས་སྒྲོག། ཚོམས་ཆེན་དཀྱིལ་གྱི་གོང་རོལ་ན་རས་ནག་པོའི་འཕྲེལ་འགེལ་ཐོག་ཡི་གེ་དཀར་པོ་“བློ་མཐུན་ལི་ཕེང་ལ་མྱ་ངན་ཞུ”ཞེས་བྲིས་ཡོད་ཅིང་། འཕྲེད་འགེལ་ཡི་གེའི་འོག་ཏུ་བློ་མཐུན་ལི་ཕེང་གི་སྐུ་པར་བཞག་ཡོད། བློ་མཐུན་ལི་ཕེང་གི་སྐུ་པུར་ཞི་ལྷོད་ངང་མེ་ཏོག་གི་གསེང་ཏུ་བཞག་ཡོད་ཅིང་། ཁ་མདོག་གསལ་བོའི་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆས་ལུས་པོ་གཡོགས་ཡོད། 
     སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཅང་ཙེ་མིན་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་དུ་བློ་མཐུན་ལི་ཕེང་གི་སྐུ་པུར་མདུན་དུ་ཡོང་སྟེ་མྱ་ངན་ཞུས་ཤིང་། སྐུ་པུར་ལ་གུས་འདུད་ཐེངས་གསུམ་ཞུས་པ་དང་། བློ་མཐུན་ལི་ཕེང་གི་གཉེན་ཉེ་རྣམས་དང་རེ་རེ་བཞིན་ལག་འཇུ་གནང་ནས་འཚམས་འདྲི་བྱས། ཧུའུ་ཅིན་ཐའོ་ཡིས་ཡུལ་གཞན་ནས་མྱ་ངན་མཚོན་པའི་མེ་ཏོག་ཕྲེང་བ་བསྐུར་ནས། བློ་མཐུན་ལི་ཕེང་སྐུ་གཤེགས་པ་ལ་མྱ་ངན་ཞུས་ཡོད། 
    ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་བློ་མཐུན་ཕེབས་སྐྱེལ་ཞུ་རུ་སླེབས་པའམ་རྣམ་པ་འདྲ་མིན་ནས་མྱ་ངན་ཞུས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་ལི་ཕེང་སྐུ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་རྣམས་ཀྱང་ཕེབས་སྐྱེལ་ཞུ་བར་སླེབས་ཡོད།