མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་གསར་དུ་བདམ་ཐོན་བྱུང་བའི་ཙུང་ཐུང་ཐུའོ་ཁ་ཡེ་ཕུའུ་ལ་རྟེན་འབྲེལ་
གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་11ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུའོ་ཁ་ཡེ་ཕུའུ་ལ་གློག་འཕྲིན་བཏང་ནས་ཁོང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམ་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་ཧ་ནི་ལྷད་མེད་ངང་ཕན་ཚུན་ཡིད་ཆེས་བྱེད་པའི་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་མཉམ་ལས་གཉིས་ཕན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཞིག་ཡིན། མིག་སྔར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་པོའི་ངང་འཁོར་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཐད་མདུན་གྲལ་དུ་སྐྱོད་ཡོད་པ། ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད་པ་བཅས་རེད། ངས་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཁྱེད་དང་འབྲེལ་བ་དམ་ཟབ་བཙུགས་ཏེ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་དང་བརྟན་པོའི་ངང་ཕུགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"