མི་དམངས་དྲ་བ།

༄༅༎ལི་ཀྲན་ཧྲུའུ་ཡིས་ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་ཨ་ཕེ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་11ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་6ཚེས་10ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་དུ་ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་དབྱིན་ཀེ·ཨ་ཕེ་ཡིས་ཚོགས་གཙོ་གནང་བའི་ཨོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་མཐོ་རིམ་སྐུ་ཚབ་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

ཟླ་6ཚེས་10ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་དུ་ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་དབྱིན་ཀེ·ཨ་ཕེ་ཡིས་ཚོགས་གཙོ་གནང་བའི་ཨོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་མཐོ་རིམ་སྐུ་ཚབ་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཚེས་10ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་དུ་ཨོ་སི་ཁྲུ་རི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་དབྱིན་ཀེ·ཨ་ཕེ་ཡིས་ཚོགས་གཙོ་གནང་བའི་ཨོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་མཐོ་རིམ་སྐུ་ཚབ་ཚོགས་པ་དང་མཇལ་འཛོམས་གནང་བ་རེད།
     ལི་ཀྲན་ཧྲུའུ་ཡིས་ན་ནིང་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧྥན་ཏེ་པེ་ལུན་གྱིས་ཐུན་མོང་ཐོག་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་མཛའ་གྲོགས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་གསར་པ་གཏན་འཁེལ་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཡུན་རིང་མ་སོང་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོར་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་ཞིང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། སྒོ་དབྱེ་སྣ་མང་གི་འཛམ་གླིང་དཔལ་འབྱོར་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་དང་། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། ཀུན་ཕན་བསྟུན་མཁས་ཀྱི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་འབད་བརྩོན་ཆེན་པོས་འཛུགས་དགོས་པ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུར་གཞོལ་དགོས་ཞེས་གསུངས་པ་ལས། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལངས་ཕྱོགས་དང་འདོད་ཚུལ་གསལ་སྟོན་གནང་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨོ་སི་ཁྲུ་རི་ཡའི་དབར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ཡིན་ཞེས་བསྟན་གནང་བ་རེད།
     ཨ་ཕེ་ཡིས་ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། དམངས་ཁྲོད་ཀྱི་མཛའ་གྲོགས་རྩ་འཛུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་མི་སྣ་འགྲོ་འོང་ལ་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"