འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ལ་བདམས་པའི་ཨེར་ཏོ་ཨན་ལ་རྟེན་འབྲེལ་གློག་
    འཕྲིན་སྤྲིངས་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་ནས་ཨེར་ཏོ་ཨན་སླར་ཡང་ཐུར་ཁེའི་ཙུང་ཐུང་ལ་བདམས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
         ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཉེ་བའི་ལོ་ཤས་རིང་ངས་སྐུ་ཉིད་དང་ལྷན་དུ་སྤེལ་རེས་ཟབ་མོ་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་བ་ཡིན། སྐུ་ཉིད་ཀྱི་འགོ་ཁྲིད་འོག་ཐུར་ཁེས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ལམ་དུ་གྲུབ་འབྲས་གསར་པ་དེ་བས་ལྷག་པ་ཐོབ་རྒྱུའི་ཡིད་ཆེས་ཡོད། ངས་ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྐུ་ཉིད་དང་ལྷན་དུ་འབད་བརྩོན་བྱས་ནས་ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་གཏོད་འདོད་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།