མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་དབུན་མེ་འབར་མའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་
འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་30ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུན་མེ་འབར་མའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།
          ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་གོ་དང་འབར་མ་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི“སྤུན་ཟླའི”བརྩེ་དུང་ཧ་ཅང་ཟབ་མོ་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དཔོན་རིགས་དབར་འབྲེལ་གཏུག་མང་དུ་སོང་བ་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་ཕྱིན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མང་དུ་སོང་བ། ཕྱོགས་མང་པོའི་ཐད་མཐུན་སྦྱོར་དམ་ཟབ་བྱུང་བ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་མ་ཟད། ས་ཁུལ་ཞི་བདེ་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ངས་ཀྲུང་གོ་དང་འབར་མའི་འབྲེལ་བ་འཕེལ་རྒྱས་ཡག་པོ་ཡོང་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ངས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་གཉིས་ཁེའི་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་འབར་མ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་རོགས་ཟླའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་བ་ཡོང་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་རྩ་སྔར་བས་མང་བ་སྐྲུན་འདོད་ཡོད་ཅེས་གསུངས།