འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བཞི་པའི་གན་འཇོག་རྣམ་གྲངས་ཀྱི་
    གན་རྒྱའི་མ་དངུལ་སྒོར་དུང་ཕྱུར་200ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་28ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བཞི་པའི་གན་འཇོག་རྣམ་གྲངས་ཀྱི་
གན་རྒྱའི་མ་དངུལ་སྒོར་དུང་ཕྱུར་200ལས་བརྒལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བཞི་པའི་ཚོང་འགུགས་མ་འདྲེན་གན་འཇོག་མཛད་སྒོ་བོད་ལྗོངས་གཞིས་རྩེར་འཚོགས་པ་རེད། ད་ཐེངས་ཀྱི་གན་འཇོག་རྣམ་གྲངས་གྲོས་མཐུན་44དང་། གན་རྒྱའི་མ་དངུལ་སྒོར་དུང་ཕྱུར་208.53ཟིན་ཡོད། གན་འཇོག་རྣམ་གྲངས་ནང་གཙོ་བོ་ཞིང་འབྲོག་ཁྱད་ལྡན་ཐོན་ལས་དང་། མི་རིགས་ལག་ཤེས་བཟོ་ལས། བོད་སྨན་ལས་རིགས། རང་བྱུང་འཐུང་ཆུའི་ཐོན་ལས། ནུས་རྒྱུ་གསར་པའི་ཐོན་ལས་སོགས་ཡོད་པ་རེད། འདི་ནི་གོང་ཚེས་ཉིན་པར་བླངས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བཞི་པའི་གན་འཇོག་མཛད་སྒོ་འཚོགས་ཡུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།